| e-texts navigator |
| Wylie |
120a1 དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་ཡོངས་སུ་སྦྱོང་བར་བྱེད་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཚིགས་སུ་བཅད་པ་གང་དག་བཀའ་སྩལ་ཏོ།། རྒྱལ་བ་གང་གྱིས་དེ་དག་རྣམ་དག་པ། སྟོང་ལ་མོས
120a2 པ་ལམ་གྱི་དང་པོར་གསུངས།། དེ་ལ་རྟག་ཏུ་བག་ཡོད་གང་གནས་པ། དེ་ནི་སངས་རྒྱས་ཐོས་ནས་འཇིག་རྟེན་སྡང་།། སེམས་ཅན་ཀུན་ལ་རྟག་ཏུ་དང་བ་དང་། ཀ་ལ་འང་ཀཱ་ཡེ་ཞེས་བརྗོད་པར་མྱི་འདོད་ཅིང་། ང་རྒྱལ་སྤངས
120a3 ནས་སྐྱོནམས་ལ་བཟོད།། འོད་ནི་སྦྱོང་བར་བྱེད་པའི་ལམ་གཉིས་པའོ།། སྡུག་པའི་དངོས་དྲི་ཡང་མྱེད་ཀར་ཅི་ཡང་རུང་།། བྱང་ཆུབ་མཆོག་བརྩོན་རྣམས་ལ་དེ་སྦྱིན་ཞིང་།། དེ་དག་ལས་ནི་ལན་འདོད་ཀྱི་བྱ་སྟེ།། བྱང་ཆུབ་རབ
120a4 མཆོག་གི་ནི་ལམ་གསུམ་པའོ།། སྙིང་རྗེ་ཅན་གྱིས་ངེས་པར་སྐྱེ་བོ་ལ། ཟང་ཟིང་མྱེད་པར་རྟག་ཏུ་ཆོས་སྦྱིན་ཞིང་།། ལྷག་པའི་བསམ་པ་ཡིས་ནི་སྙིང་བརྩེ་བ།། དེ་བཞིན་མཁས་པས་སྦྱོང་བའི་གཞི་པའོ།།
120a5 རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔལ་སེམས་དཔའ་ཆེན་པོ་གཟུངས་ལ་སྦྱོར་བ་བྱས་པས་ནི།། དཀོན་པ་ལ་སྟེནད་པརབྱ། ཆོས་ཉན་དུ་འགྲོ་བར་བྱ།། ཀོས་གཙང་མ་དག་བཅང་བར་བྱ།།
120a6 གཅིག་པུ་གནས་པར་བྱ།། སྤྱོད་ལམ་བཞིས་གནས་པར་བྱ།། ཆོས་སྨྲ་བ་རྣམས་ལ་སྣ་ཚོགས་སྦྱིན་པ་བསྒྲིབ་པའི་བསམ་པ་ལ་སྦྱོར་བ་དང་།། མོས་པར་བྱ། དཀོན་མཆོག་གསུམ་ལ་གུས་པ་དང་། བཅས་པར་བྱ།།
120a7 གཞན་གྱི་དབང་དུ་མྱི་འགྲོ་བར་བྱ།། ཡོངས་སུ་ཀྱི་སྐྱོ་བ་དང་། རྟག་ཏུ་བརྩོན་འགྲུས་བརྩམས་པ་དང་།། གཡོ་བྱེད་པ་དང་། སངས་རྒྱས་རྗེསུ་དྲན་པ་དང་། མ་བྲལ་བ་དང་། མྱི་དབྱིགས་པ་དང་། མཚན་ལ་མྱེད་པ་ལ་ལེས
120a8 པར་བསྒོམ་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པར་བྱ།། སངས་རྒྱས་ལ་གསོལ་བ་གདབ་པར་མོས་པར་བྱ།། ཉེས་པ་བཤགས་པ་དང་།། རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བ་ལ་མཁས་པར་བྱ།། མ་བརྟགས་པའི
120a9 སྤྱོད་ལམ་ཏུ་རྩེ་བྱ། གྱི་སྐྲག་པ་དང་། སྟོནད་པ་དང་བྲ་མ་ལ་གནས་བཅས་པས་གནས་པར་བྱའོ།། མཐུན་པར་འཛིནང་པར་བྱའོ།། ཆོས་དེ་དག་ལ་ཡོངས་སུ་མྱི་སྐྱོབས་སྟེ་ནད་པར་བྱའོ།། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ