e-texts navigator
Collection
Volume
Page
Wylie

119a1 ཨ། དེ་དག་ལ་ནི་རའིས་གནསས་ཡིན།། འདི་ལྟར་གྱི་མཆོག་སངས་རྒྱས་ཐམས་ཅད་ཀྱང་།། དེ་ལས་ངེས་པར་ཤིནིང་ཏུ་བྱུང་བའི་ཕྱིར་རོ།། སངས་རྒྱས་རྣམས་ལ་ཇི་ལྟར་མཆོད་བྱ་བ། དེ་བཞིན་དེ་དག་ལ་ཡང་མཆོད།
119a2 པར་བྱ།། དེ་དང་དེ་དག་དཀོན་དང་མཁས་པ་སྟེ།། ཡོང་བ་རྣམས་ལ་གྱིག་ཀྱང་སྦྱིན་པར་བྱེད།། ལམ་པ་མོངས་པ་རྣམས་ཀྱི་སྟོན་པ་སྟེ། འཆིབ་སྐྱེད་པའི་ཕྱོགས་སུ་འདྲེན་པ་ཡིས། གལ་ཏེ་སེམས་ཅན་རྣམས་ཀྱིས
119a3 དེ་དག་ལ།། རྟག་ཏུ་དགའ་བས་ལོངས་སྤྱོད་ཀུན་བྱིན་ཡང་།། དེ་དག་རྣམས་ཀྱི་དང་པོའི་སེམས་བརྟེན་པ།། དེ་ལ་འང་ལན་ཀླན་བྱས་པར་མྱི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
119a4 བཀ་ཚ་མྱེད་པར་གནས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་དག་གི་ལས་ཀྱི་སྒྲིབ་པ་དེ་ཀ་ཀང་ཀིས་བྱང་བར་འགྱུར་བའི་རྣམ་གྲངས་འགའ་ཞིག་མཆིས་ལགས
119a5 སམ།། བཀའ་སྩལ་པ། ཡོད་དེ་བག་ཚ་བ་མྱེད་པར་གནས། པ་ཀལ་ཏེ་རིགས་ཀྱི་བུ་དེ་དག་རབ་ཏུ་བྱུང་ནས།། གཟུངས་སྔ། གས་གཞི་འདི་དག་ཐོས་པར་བྱེད་ནའོ།།
119a6 སད་ཡཱ་ཐཱི་དན། ཨད་ཙེ། ཨད་ཙ་བ་ཏི་ཨ་ནཱ་བི་ལེ། ཨ་ཤྲེ་ཥཱཾ། ཨ་ཀྲི་ཏེ། ཨ་ན་ཡུ་ཧེ། ཨ་པེ། ཨ་བི་ཛ་རིདྷེ།། བྷ་བ་དྲུ་དྲ་ཀ་མ། ཡུ་ཏད་ཉ་པ། པྲ་ཀཱི་བེ། ནི་ཀ་ཌེ་ཨུ་གྲ་ཧེ། ཧུ་ཧུ་མེ། ཙ་པ
119a7 ཡེ་ས་ཎེ། ས་མེ། ས་མ་དེ། ཡོ་ཊི། ན་ཡོ། པ་རི་ཤོ་དྲཱི།། ། རིགས་ཀྱི་བུ་དེ་དག་ཀྱིས། གཟུངས་སྔགས་གཞི་འདི་དག་བཟླས་པ། འག་བདུན་དུ་འཛིན་པ་བྱེད་པ་དང་། འཇོག་པ་མྱེད་པ་དང་། གཟུག
119a8 མྱེད་པ་དང་། རྣམ་པར་རྟོག་པ་མྱེད་པ་དང་། རབ་ཏུ་དང་བ་མྱེད་པ་དང་། ཡུན་རིང་དུ་འགྲོ་བ་མྱེད་པ་དང་། བྱེད་པ་མྱེད་པ་དང་། གོས་པ་མྱེད་པ་དང་། མཉམ་པོའི་སེམས་དང་བྲལ་བ་དང་། ཕུང་པོ་ལྔ་དང་བྲལ་བ་དང་།
119a9 མྱི་བཟོད་པ་མྱེད་པའི་ཚུལ་གྱིས་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིནད་བསྒོམ་པར་བྱ་དགོས་ཏེ།། དེ་ནི་དེ་དག་ཕྱོགས་བཅུའི་སངས་རྒྱས་སྟོང་བྱ་ཞལ་མཐོང་བར་བྱེད་པ་དང་ཉེས་པ་འཆགས་སུ་འཇུག་པར་བྱེད་པའོ།། དེ་ནས




iiif viewer powered by OpenSeadragon

118b - 119b

Texts on this page

Ng22.36 - 'phags pa sangs rgyas mi spang pa zhes bya ba theg pa chen po'i mdo