e-texts navigator
Collection
Volume
Page
Wylie

118b1 དེ་ས་ཉོན་མོངས་པའི་དབ་ཀྱིས་ཀྱི་སྟེ་སྟེ།། བྱང་ཆུབ་སེམས་དཔའ་དི་སྨོད་ལས་ཀྱི་བ་ཀྱིས་སྐྱེ་བའི་ཕྱིར་རོ།། དོན་ཁྱིས་པའི་སྤྱོད་པཐམས་ཅས་ས་གྲོལ་བའོ།། གང་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་རྣམས་སྟོན་པར།
118b2 འདོད་པ་དེས་ནི་ནམ་མཁའི་ཁམས་ཀྱི་གཟུགས་སྟནང་པར་འདོད་དུ་བང་ངོ་།། རིགས་ཀྱི་བུ་འདོ་ལྟ་སྟེ། དཔེར་ན། ཀླུ་ཐམས་ཅད་ཀུ་ཉིད་དུ་ཕྱིར་སོང་བ་ཡིན་པས། ཀླུའི་རྒྱལ་པོ་མ་འདྲོས་པ་ནི་ཀླུའི་དགྲང་བར་ཡང་འགྲོ་ལ། ཀླུའི
118b3 ཉེས་པ་གསུམ་གྱིས་ཀྱང་གོས་པར་མྱི་འགྱུར་རོ།། གསུམ་གང་ཞེ་ན། འགོ་ལ་བྱེ་ཙན་གྱི་འབབ་པ་དང་། སྐྱེ་བ་པོའི་ལུས་དང་ལྡན་གཅིག་ཏུ་ཀུན་ཏུ་མྱི་གནས་པ་དང་། དེ་ལ་ནམ་མཁའ་ལྡིང་གྱི་འཇིགས་པ་མྱི་འབྱུང་བ་སྟེ།
118b4 རིགས་ཀྱི་བུ་ཀླུའི་སྐྱོན་གསུམ་པོ་དེ་དག་ཀྱིས་གོས་པར་མྱི་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩེད་མོ་དང་། དགའ་བ་ཐམཿད་ཉམས་སུ་མྱོང་བར་བྱེད་ཀྱང་།། སྲིད་པ
118b5 གསུམ་དུ་འདོད་པ་དང་། ཉོན་མོངས་པ་དང་། སྡུག་བསྔལ་གྱི་ནས་ཀྱིས་ཟིལ་གྱིས་མྱི་གནོན་པར་བརྗོད་པར་བྱའོ།། རིགས་བུ་འདི་ལྟ་སྟེ། དཔེར་ན། སེམས་ཅན་གྱི་རིགས་ཉ་པ་ཞེས་བྱ་བ་ཡོད་དེ།
118b6 དེ་ནི་ཡུལ་གྱོད། ཡུལ་ལྔ་ཡང་དེ་འཆི་བའི་དུས་བྱེད་པར་མྱི་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་བ་ན་སྤྱོད་ཀྱང་། དེ་ཉིད་དུ་བྱ་བའི་སྤྱོད་པ་ལ་གནས་ནས། ཡེ་ཤེས
118b7 ཀྱི་སྤྱོད་པ་ཆོལ་ལོ།། ཆོས་ཡང་དག་པར་བླངས་པས་ཀྱང་རྨོངས་པར་མྱི་འགྱུར་རོ།། བྱིས་པ་དང་ལྷན་ཅིག་ཏུ་གནས་པས་སྲིད་པ་གསུམ་གྱི་སྡུག་བསྔལ་ཉམས་སུ་མྱོང་བར་ཡང་མྱི་འགྱུར་རོ།། རི་བས་ནས་བྱང་ཆུབ་སེམས
118b8 དཔའ་སེམས་དཔའ་ཆེན་པོས་བདག་སྲུང་བར་བྱའོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། བདེ་བར་གཤེགས་ལ་གང་ཞིག་མཆོད་བྱ་དང་།། དེ་ལ་གང་ཞིག་ཕྱག་ཀྱ་འཚལ་འདོད་པ
118b9 དེས་འདིར་བདེ་གཤེགས་ཟས་རྣམས་བཆོད་པར་བྱ།། འདོན་རྒྱལ་པ་རྣམས་ལ་མཆོད་པ་མཆོག། ངའི་གོས་དང་སྲུང་གཟེད་ག་པའ་དང་། སལ་མ་དང་མི་འཆགས་གང་ཡིན་པ།། གང་དག་བྱང་ཆུབ་ཏུ་ནི་མཚོ་བྱེད་པ།




iiif viewer powered by OpenSeadragon

118a - 119a

Texts on this page

Ng22.36 - 'phags pa sangs rgyas mi spang pa zhes bya ba theg pa chen po'i mdo