e-texts navigator
Collection
Volume
Page
Wylie

118a1 xxx
118a2 ཀྱི་བུ་དེ་དག་བསྒྲིབས་སོ།། རིགས་ཀྱི་བུ་དེ་ལྟ་བས། ཁྱོད་མོས་པར་བྱའོ།། ཕྱེད་ཀྱི་འོད་དུ་ཆུད་པར་བྱའོ།། ཆོས་ཀྱི་ནམ་གྲངས་འདོཐོས་ནས། ཆོས་སྨྲ་བ་ལ་མངོན་གསུམ་ཅུ་མནོ་ཡང་།། འཇས་པ་པོའི་ཚུལ་ཁྲིམས་ཀྱིས་བཅོ
118a3 མྱི་བྱ་ན།། ཐོས་པས་ལྟ་ཅི་སྨོས།། རིགས་ཀྱི་བུ་གང་ཞིག་སེམས་ཅན་ཐམས་ཅད་ཀྱི་མྱིག་འབྱིནད་པར་བྱེད་པ་བས། གང་ཞིག་ཆོས་སྨྲ་བ་ལ་གགེ་བའི་བསམ་པས་ལྟ་བར་བྱེད་ན།། དེ་ནི་དེ་བས་ཆེས་ཁ་ན་མ་ཐོ་བའི་ལས་ཆེ་བ་ཡིན
118a4 ནོ།། གང་ཞིག་སེམས་ཅན་ཐམས་ཅད་འཆིལ་བར་བྱེད་ལ།། གང་ཞིས་ཆོས་སྨྲ་བ་མཐོང་ས་རྒྱབ་ཀྱིས་ཕྱོགས་ཏེ། འདུག་པར་བྱེད་ན་བསོད་ངནམས་མ་ཡིན་པ་འདྲི་ལ་བསོད་ནམས་མ་ཡིན་པ་སྔ་མ་དེས་བརྒྱའི་ཆམ
118a5 ཡང་ཉེ་བར་མྱི་འགྲོ།། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་ད། ང། མ་དང་། བགྲང་བ་དང་། དཔེའ་དང་རྒྱུར་ཡང་ཉེ་བར་གྱི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། ཀང་ཆོས་སྨྲ་བ་ལ་སྐུར་པ་འདེབས་པ
118a6 དེས་ནི། སངས་རྒྱས་ལ་བསྐུར་པ་བཏབ་པར་གྱུར་པའི་ཕྱིར་རོ།། སང་ས་རྒྱས་ལ་བསྙེན་བཀུར་བྱ་བར་འདོད་པས། ཆོས་སྨྲ་བ་ལ་བསྙེན་བཀྲུ་རུ་བྱའོ།། སངས་རྒྱས་ལ་མཆོད་པར་འདོད་པས་ཆོས་སྨྲ་བ་མཆོད་པར
118a7 བྱའོ།། སངས་རྒྱས་ལ་ཕྱག་འཚལ་བར་འདོད་པས། ཆོས་སྨྲ་བ་ལ་ཕྱག་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་མཁྱེནད་པ་ཉིད་ནི་བྱང་ཆུབ་སེམས་དཔའ་ལས་བྱུང་བའི་ཕྱིར་དང་།། སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང
118a8 ཆུབ་སེམས་དཔའ་ལས་བྱུང་བའི་ཕྱིར་རོ།། གང་ལས་བརྟེནད་ཏེ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལས་བརྟེན་ནས། དེ་ནི་ཉོན་མོངས་པ་རྣམས་ཀྱིས་འདོད་པོའི་ལོངས་སྤྱོད་ལ་གནས་པར་བརྗོད་པར་མྱི་བྱ།། དེ་ནི
118a9 རབ་བྱ་ཡང་ཚངས་པར་སྤྱོད་པ་ཕྱི་གནས་པར་འརྗོད་པར་མྱི་བྱ།། དེ་ནི་གཟུགས་མྱེད་པའི་ཏིང་ངེ་འཛིན་པ་ལ་སྙོམས་པར་ཞུགས་ཀྱང་གཟུགས་བྱེད་པ་ཉེ་བར་འགྲོ་བར་བརྗོད་པར་མྱི་བྱའོ།། དེ་ཅིའི་བྱོར་ཞེ་ན། བྱང་ཆུབ་སེམས་དཔའ




iiif viewer powered by OpenSeadragon

117b - 118b

Texts on this page

Ng22.36 - 'phags pa sangs rgyas mi spang pa zhes bya ba theg pa chen po'i mdo