| e-texts navigator |
| Wylie |
117b1 གསོས་པ། བཅོམ་ལྡན་འདས་སངས་རྒྱས་ཀྱི་སོང་བ་ཞེས་བགྱི་བ་དེ་གང་ལགས།། བཀའ་སྩལ་པ། རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། བཟླས་དཔ། སུམ་བཅུ་འདས་པ་ངོ་རོའི་དུས་ན། འཇིག་རྟེན
117b2 ཀི་ཁམས་ཀྱིས་རྒྱུ་ཅན་དུ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་པའི་བ.རོ་ཞེས་བྱ་བ་ཟུང་ཆུ་རང་པ་དེའི་ཆེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱི་མའི་དུས་ཕྱི་མའི་ཆེན། རིགས་ཀྱི་བུ་བཅུ་པོ་འདི་དག་ཀྱི
117b3 བདག་ཤི་ས་ལ་ཆེན་པོ་ལྟ་བུའི་གཞོན་ནུར་གྱུར་ཏོ།། དེའི་ཚེ་རིགས་ཀྱི་བུ་བཅུ་པོ་དེ་དག་ཐམས་ཅད་ཀྱིས་གཙུག་ལག་ཁང་ལྔ་བརྒྱ་བྱེད་ཏུ་བཅུག་གོ།། གཙུག་ལག་ཁང་རེ་རེ་མ་ཡང་དགེ་སློང་སྟོང་སྟོང་གནས་པར་གྱུར་ཏོ།། རིགས
117b4 ཀྱི་བུ་དེའི་ཚེ་ཆོས་སྨྲ་བ་སྤོབས་པ་རྩེགས་པ་ཞེས་བྱ་བ་གཟུངས་ཐོབ་པ་ཞིག་ཆོས་སྟོན་ཏོ།། རིགས་ཀྱི་བུ་ཆོས་སྨྲ་བ་སྤོབས་པ་བརྩེགས་བ་དེ་ཆོས་ཀྱི་སྟན་ལ་འདུག་པ་ལ། སངས་རྒྱས་ལྔ་སྟོང་སྤོབ་ས་མུག
117b5 པར་མཛད་དེ། ལཱ་དུང་ཕྱུར་ཕྲག་བརྒྱད་ཀྱང་ལུས་ཡོངས་སུ་སྦྱང་བའི། ཕྱིམ་བརྩོན་པར་གྱུར་ཏོ།། རོའི་ཆོས་བཤད་པ་གཅིག་གིས་སྒོ། ཀ་ཆགས་བདུན་ཁྲི་བླ་ན་བྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ
117b6 ལས་ཕྱིར་མྱི་ལྡོག་པར་གྱུར་ཏོ།། སྲོག་ཆགས་ཁྲི་ན་རྒྱུ་ནང་ཏུ་ཞུགས་པའི་འབྲས་བུ་ཐོབ་པོ།། རིགས་ཀྱི་བུ་དེའི་ཚེ་རྒྱལ་པོ་ཟླ་བས་བྱིན་ཞེས་བྱ་ཞིག་བྱུང་ངོ་།། དེས་ཆོས་ལ་གུས་པས་ཆོས་སྨྲ་བ་དེ་ལ
117b7 མཆོད་པའི་ཕྱིར་བུད་མྱེད་ལྔ་བརྒྱ་དང་། ཀླུ་དབྱངས་རོལ་མོ་བྱས་སོ།། དགེ་སློང་དེ་ལ་རིན་པོ་ཆེའི་མྱེ་ཏོག་སྣ་ཚོགས་ཀྱིས་ཀྱང་མངོན་པར་གཏོརྡ་ཏོ།། ཙན་དན་གྱི་བྱུག་པས་ཀྱང་བྱུགས་སོ།། རས་བཅོས་བུ་ལྔ་བརྒྱས
117b8 ཀྱང་བཀབ་བོ།། བདེ་བའི་རིམ་འགྲོ་ཐམས་ཅད་ཀྱི་མཆོད་པ་འདི་ལྟ་སྟེ།། ཆོས་སྨྲ་བ་ལ་མཆོད་པའི་མཆོད་པ་མཆོག་གྱིས་ཞག་བདུན་དུ་རིམ་འགྲོ་བྱས་སོ།། དེ་ནས་དགེ་སློང་དེ་ལ་ཁྱིམ་བདག་ཀྱི་བུ་དེ་དག་ཀྱིས་འཆལ་པའི་རྒྱུ
117b9 ཁྲིམས་ཀྱིས་གླེངས་སོ།། ལས་དེའི་རྣམ་པར་སྦྱིན་པས། དེ་དག་ལོ་གུ་ཁྲིར་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་སོ།། ཚེ་རབས་ལྔ་བརྒྱ་ལྔ་བརྐྱར་ནི་མྱི་ནས་ཀྱི་ནང་དུ་ཟ་མ་དང་། ཀླ་ཀློ་དང་། ལོག་པར་ལྟ་བའི་ཁྱིམ་ནསུ་སྐྱེས་སོ།།