| e-texts navigator |
| Wylie |
117a1 དེ་དག་གྱུར་ཏུ་ཤེས་པ་འདི་ལ་མ་སྐྱེས་སོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བག་ཚབ་མྱེད་པར་གནས་པས་ཚིག་སུ་བཅད་པ་འདི་དག་ཀྱིས་ཞུས་སོ།། ཆོས་ཀྱི་རྒྱལ་པོ་འོད་མཛད་པ།།
117a2 མྱེའི་ཉི་མ་ཁྱོངས་སུ།། བྱང་ཆུབ་སེམས་དཔའི་ལས་སྦྱོར་བ།། སྤྱོད་པ་ཀང་ལགས་དེ་བསྟན་གསོལ།། དཔག་བྱེད་ཁྱབ་པར་འཕགས་པའི་བློ་གྲགས་པ།། སངས་རྒྱས་ཐོགས་མྱེད་སྟོབས་བཅུ་མཚུངས་མ་མཆིས།། སྲིང
117a3 གསུམ་འབྱུང་བ་རྣམ་གྲོལ་སྤོས་མྱི་མངའ།། སངས་རྒྱས་བྱང་ཆུབ་སྤྱོད་པ་དྲི་མྱེད་གསུངས།། དཔག་མྱེད་ཡེ་ཤེས་མཐའ་བ་ཁྱོད་ལ་ཞུ།། ཡིད་གཉིས་གཅོད་པ་མཛད་པ་ཁྱོད་ལ་ཞུ།། བཅོམ་ལྡན་མཚུངས་པ་མྱི་མངའ་ཁྱོད་ལ
117a4 བྱང་ཆུབ་སེམས་དཔོའི་སྤྱོད་པའི་ཚུལ་གང་ལགས།། རྒྱལ་བ་བདུད་བཏུལ་བདེ་གཤེགས་ཀར་གྱིས་ན།། ཉོན་མོངས་ཀུན་ལས་རྣམ་པར་གྲོལ་བར་འགྱུར།། ཐུགས་རྗེས་ཉོན་མོངས་ཐུལ་བ་བྱང་ཆུབ་ལམ།
117a5 འཕགས་པ་དེ་ནི་རབ་ཏུ་བཤད་དུ་གསོལ།། ལེགས་གསལ་ལེགས་བྱུང་། ལེགས་འབྲེལ་གསུང་བ་པོ།། སྲིད་སེལ་སྲིད་འགྲོ་རྣམ་འཇོམ་ལྷུར་མཛད་པ།། དགེ་སྦྱོང་བཟང་པོ་སྨྲ་མཆོག་ཡིད་གཉིས་སེལར
117a6 རྒྱལ་བ་བདེ་གཤེགས་དྲི་མྱེད་སྤྱོད་ཀུན་གསུངས།། སྔོན་གྱི་སྲིད་བརྒྱར་ལེགས་སྤྱོད་ཡོན་ཏན་དགེ།། འགྲོ་བ་ཕན་བདེར་བསྔོ་བ་བརྩོན་པ་པོ།། རྀན་ཅེན་གླང་པོ་རྟ་སྤངས་ཡུན་ཀྱང་རིང་།། བདག་མྱེད་ཚོགས་དང་དབུ་ཡས
117a7 སྤངས་མཛད་པ།། བཟོད་དང་དུལ་དགྱེས་ཚུལ་ཁྲིམས་ཡོན་ཏན་གཞོལ།། བློ་གྲོས་དགྱེས་གཞོལ་བརྟུལ་ཞུགས་བརྐའ་ཐུབ་བཙམས།། ཡོན་ཏན་ཚོགས་པས་སྡུག་བསྔལ་བརྒྱ་བཟོད་པ།། རྒྱལ་བ་ཁྱོད་ཀྱིས་དེ་བརྙེས་ཡིན
117a8 གཉིས་བྲལ།། སྤྱོད་ལ་མཁས་པ་ཡིད་གཉིས་རྣམ་སྤངས་པ།། སྐྱོན་ཚོགས་དྲི་མ་གསུམ་གི་ཟ་བ་བྲལ།། འགྲོ་བ་ཐམས་ཅད་དུ་ཡང་རབ་གཤེགས་པ། འགོན་པོ་བྱང་ཆུབ་མཆོག་གི་ཚུལ་བཤད་གསོལ།། དེ་ནས་བཅོམ་ལྡན་འ
117a9 ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བག་ཚ་མྱེད་པར་གནས་པ་ལ།། འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བཅུ་པོ་འདི་དག་ཐམས་ཅད་ཀྱིས་ནི་བྱང་ཆུབ་ས་མྱི་སྤོང་བ་བྱསོ།།