e-texts navigator
Collection
Volume
Page
Wylie

116a1 དཔའ་བརྒྱད་ཁྲི་དང་ཐམས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་མྱེད་ཀྱིས་བྱིན་པ་འཁོར་དེ་ཉིད་དུ་འདུས་པར་འགྱུར་ཏེ་འདུག་གོ།། བྱང་ཆུབ་སེམས་དཔའ་སེམས་དཔའ
116a2 ཆེན་པོ་མྱ་ངན་ཀི་མུན་པ་ཐམས་ཅད་ངེས་པར་འཇོམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་ཀྱི་འོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚངས་པ་ལས་བྱུང་བ་འཕྲུག་དབྱངས་སྤྲིན་གྱི
116a3 རོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་པོ་ཆེའི་མེ་ཏོག་ཀུན་ཏུ་རྒྱས་པའི་གཟི་རྗི་དེ་ལྟ་བུ་དང་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་ཡོན་ཏན་ལས་བྱུང་བ་འབྲུག་གྱི་ང་རོས་འགྲོ
116a4 བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཀྱི་གའི་ག་རྫིང་རྣམ་པར་བསྒྲགས་པ་གྲགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་ཀྱི་བཀོད་པ་མཐའ་ཡས་པ་སྒྲུབས
116a5 པ་ལ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་རྗེ་ན་པོ་ཡོན་ཏན་རིན་པོ་ཆེ་མཐའ་ཡས་པའི་མེ་ཏོག་ཀུན་ཏུ་རྒྱས་པ། འི་རྣམ་པར་བསྒྲགས་པ་གྲགས་པ་དང་། བྱང་ཆུབ་སེམས་དཔའ་སས
116a6 དཔའ་ཆེན་པོ་ཤེས་རབ་ཀྱི་སྣང་བས་སྤོབས་པ་བསྟན་པའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཅུ་པོ་དེ་དག་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འཁོད་དོ།། དེ་དག་ནི་གཟུངས་ཐོབ་པར་བྱ་བའི་ཕྱིར
116a7 ལོ་བདུན་དུ་བརྩོན་པར་གྱུར་པ་ཤ་སྟག་གོ།། དེ་དག་ནི་ལོ་བདུན་འདས་ནས། སེམས་མཉམ་པར་བཞག་པ་ཡང་མ་མཐོབ་ན་གཔ་གཟུངས་ཐོབ་པར་འགྱུར་བ་ལྟ་ཅི་སྤོས།། དེ་དག་ནི་ལོ་བདུན་དུ་ཚུགས་པ་དང་། གཉིད་ཡོ
116a8 སུ་སྤངས་ཤིང་འདུག་པ་དང་། འཆགས་པ་ལ་བརྩོན་པར་བྱས། འདོད་པའི་རྣམ་པར་རྟོག་པ་ཡོངས་སུ་སྤང་བ་ལ་བརྩོན་པར་བྱས་ཀྱང་། བསམས་པ་བཞིན་མ་ཐོབ་ཅིང་གཟུངས་མ་ཐོབ་ནས། ཡོངས་སུ་སྐྱོ་བའི
116a9 ཡིད་ཀྱིས་བསླབ་པ་ཕུལ་ནས་ཉམས་པར་གྱུརང་ལ། ཐམས་ཅད་ཀྱང་ཁྱིམ་ན་གནས་པའི་སྐྱོན་ལས་བླངས་ཤིང་། སྟནང་པ་འདི་ལས་ཕྱིར་དོང་བཞ་སྟག་གོ།། ཡང་དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲ་འཁོར་དེ་ཉིད་དུ་འདུས་པར




iiif viewer powered by OpenSeadragon

115b - 116b

Texts on this page

Ng22.36 - 'phags pa sangs rgyas mi spang pa zhes bya ba theg pa chen po'i mdo