e-texts navigator
Collection
Volume
Page
Wylie

115a1 པར་སངས་རྒྱས་ནས། སེམས་ཅན་མ་དུལ་བ་རྣམས་གདུལ་བར་བགྱི། མ་སྤྲུལ་པ་རྣམས་བསྒྲལ་བར་བགྱི། མ་གྲོལ་བ་རྣམས་གྲོལ་བར་བགྱི། དབུགས་མ་བྱུང་བ་རྣམས་དབུགས་འབྱུང་བར་བགྱི། ཡོངས
115a2 སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱི་བའི་སླད་དུ་སྟེ། བདེན་པ་དང་བདེན་པའི་ཚིག་དེས། བདག་གིས་ཡོངས་སུ་གཏོང་བ་འབྲས་བུ་བྱེད་པར་མ་གྱུར་དཅིག་ཅེས་བྱས་ནས། མེ་དོང་དེར་བདག།
115a3 ཉིད་འཆོངས་སོ།། དགེ་སློང་དག་བྲམ་ཟེའི་ཁྱེའུ་ཆོས་འདོད། མེ་དོང་དེར་འཆོངས་མ་ཐག་མྱེ་རོང་དེ་ཤི་སྟེ།། པད་མོའི་རྫིང་བུར་གྱུར་ནས། བུང་པ་སྨྲ་ཟོ་ཟི་ཟེར་བའི་པད་མ་ལ། བྲམ་ཟེའི་ཁྱེའུ་ཆོས་འདོད་འདུག་ནས
115a4 ཆོས་སྟོནད་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་པ། ཐ་མར་དགེ་བ། དོན་བཟང་པོ་ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡང
115a5 དག་པར་སྟོནད་ཏེ། བྲམ་ཟེ་དེ་ནི་ལུས་ཐམས་ཅད་ནས་མྱེ་བྱུང་སྟེ། ཚིག་ནས་ཚིག་གོ་ཞེས་སྨྲས་ཏེ། སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ངོ་།། དེ་ལ་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་འདི་སྐད་ཅེས་སྨྲས
115a6 སོ།། སློབ་དཔོན་མ་སྙེམས་ཤིཀ། བདག་གིས་ཁྱོད་སྒྲུབ་པར་བརྒྱ་འོ། དེ་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་དེའི་ཚེ། འདི་ལྟ་བུའི་བ་ན་པའི་ཚིག་འདི་བྱས་ཏེ། བདེན་པ་དང་། བདེན་པའི་ཚིག་གང་གས
115a7 བདག་སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་ལ་སྤྱོད་པའི་བདེན་པ་དང་། བདེན་པའི་ཚིག་དེས་བྲམ་ཟེ་འདིའི་ལུས་ཚིག་པར་རབ་ཏུ་ཞི་བར་གྱུརྡ་ཅིག། སེམས་ཅན་དམྱལ་བ་ལས་ཀྱང་ལོག་པར་གྱུར་ཅིག་ཅེས་བྱས་སོ།།
115a8 བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་བདེན་པ་དང་། བདེན་པའི་ཚིག་བྱས་མ་ཐག་ཏུ་བྲམ་ཟེ་དེ་སེམས་ཅན་དམྱལ་བ་དེ་དག་ནས་ཐ་རད་པར་གྱུར་ཏོ།། དགེ་སློང་དེའི་ཚེ་དེའི་དུས་ན། བྲམ་ཟེའི་ཁྱེའུ་ཆོས་འདོད་ཅེས་བྱ་བར་གྱུར་པ་དེ།
115a9 གཞན་ཞིག་ཡིན་པ་སྙམ་དུ་ཕྱེད་དོགས་ཤིང་ཐེ་ཙོམ་ཟ་ན། དེ་ལྟར་མྱི་ལྟ་སྟེ། དགེ་སློང་ང་དེའི་ཚེ་དེའི་དུས་ན། བྲམ་ཟེའི་ཁྱེའུ་ཆོས་འདོད་ཅེས་བྱ་བར་གྱུར་ཏོ།། དགེ་སློང་དག་དེའི་ཚེ་དེའི་དུས་ན། བྲམ་ཟེར་གྱུར་པ་དེའི་གཞན




iiif viewer powered by OpenSeadragon

114b - 115b

Texts on this page

Ng22.35 - 'phags pa dpal sbas zhes bya ba'i mdo