e-texts navigator
Collection
Volume
Page
Wylie

114b1 གིས་སློབ་དཔོན་གྱི་དགོངས་པ་ཉེས་པར་བསྐང་བར་བགྱིའོ།། དེ་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་མཆོད་སྡོང་ཆེན་པོ་འདུགས་སུ་བཅུག་སྟེ།། མཆོད་སྡོང་ཆེན་པོ་བཙུགས་ནས། དེའི་ཆུ་བདུ་དོང་ཆེན་པོ་ཀོར་བཅུག་སྟེ། རྐོས་ནས།
114b2 མེ་འགྱིངས་སུ་བཙུན་གོ།། མེ་མྱི་འབར་འཇེབྱབ་ཀྱི་འཕྲུལ་བས་བཀང་ནས། འམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ།། སློབ་དཔོན་བདག་ལ་ལེགས་པར་བཤད་པ་ལེགས་པར་སྨྲནས་སུ་གསོལ།། དེ་ནས་བྲམ་ཟེ་དེས་ཟས་ཆེ།
114b3 ཁྱེའུ་ཆོས་འདོད་ལ་ཚིགས་སུ་བཅད་པ་འདི་ལྟ་བུ་བསྟན་ཏོ།། སྦྱིན་པ་ལ་ནི་རྟག་ཏུ་དགའ་བར་གྱིས། རྟག་ཏུ་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་གྱོད།། བརྩོན་འགྲུས་མཆོག་གི་གནས་ནི་རྩམ་པར་གྱིས། ཤེས་རབ་ཀྱིས་ནི་ཆོས
114b4 མཆོག་དམ་པ་ཐོབ། དེ་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་བྲམ་ཟེ་དེ་ལ་ཚིགས་སུ་བཅད་པ་འདི་ལེགས་པར་རབ་ཏུ་བཟུང་སྟེ།། སྐྱེ་བོ་ཕལ་པོ་ཆེ་བསྩོགས་སོ།། སྐྱེ་བོ་ཕལ་པོ་ཆེ་སྩོགས་ནས། མཆོད་སྡོང་མཐོན་པོའིཁར
114b5 འཛེགས་ཏེ། སྐྱེ་བོ་ཕལ་པོ་ཆེ་ལ་ཚིགས་སུ་བཅད་པ་འདི་བསྒྲུབས་སོ།། སྦྱིན་པ་ལ་ནི་རྟག་ཏུ་དགའ་བར་བགྱིས།། རྟག་ཏུ་ཚུལ་ཁྲིམས་ཡོད། ས་སུ་རྫོགས་པར་སྤྱོད། བརྩོན་འགྲུས་མཆོག་གི་གནས་ན་བརྩམ་པར
114b6 ཀྱིས།། ཤེས་རབ་ཀྱིས་ནི་ཆོས་མཆོག་དམ་པ་ཐོབ། དེ་ནས་བྲམ་ཟེ་ཆོས་འདོད་ཀྱིས།། སྐྱེ་བོ་ཕལ་པོ་ཆེ་དེ་ལ་ཚིགས་སུ་བཅད་པ་འདི་བསྒྲག་ས་ནས། འདི་ལྟ་བུའི་བདེན་པའི་ཚིག་འདི་བྱེད་དེ། ས་ཕྱོགས་འདི་ན།
114b7 རྒྱ་ཆེན་པོ་ཀང་དག་གནས་པ་རྣམས་བདག་ལ་དགོངས་སུ་གསོལ།། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་ཐམས་ཅད་ཀྱང་བདག་ལ་དགོངས་སུ་གསོགས
114b8 བདག་ནི་གཏོང་བ་བགྱིད་དེ། ཤི་ནད་ཏུ་གཏོང་བ་དང་། གཏོང་བའི་ཡང་གཏོང་བ་དང་། བདག་ཉིད་ཡོངས་སུ་གཏོང་བ་བགྱིད་དོ།། བདེན་པ་དང་བདེན་པའི་ཚིག་གང་གྱིས། བདག་ཡོངས་སུ་གཏོང་བ་བགྱིད་པོ་ནི། རྒྱལ་པོའི་སླད་ཏུ
114b9 མ་ལགས། ལོངས་སྤྱོད་ཀྱི་སླད་དུ་མ་ལགས། མཐོའ་རིས་ཀྱི་སླད་དུ་ལགས། འཁོར་ལོས་སྒྱུར་བའི་རྒྱལ་པོའི་སླད་དུ་མ་ལགས་ཀྱི།། གཞན་དུ་ན་བདག་ཇི་ལྟར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས།




iiif viewer powered by OpenSeadragon

114a - 115a

Texts on this page

Ng22.35 - 'phags pa dpal sbas zhes bya ba'i mdo