| e-texts navigator |
| Wylie |
114a1 རུང་ངོ་།། ཆོས་འདོད་ཀྱིས་སྨྲས་པ།། འཕགས་པ་འོན་ཁྱོང་ཀྱིས་ལེགས་པར་བཤད་པ། བདག་ལའི་སྐུར་བསྒྲགས་པར་བགྱི། ཟམ་ཤེས་སྨྲས་པ། གས་ཏེ་ཆོས་འདོད་ཁྱོད་ཀྱིས་དོ་ན
114a2 དུབ་ཀྱི་འཕྲུལ་པས་བཀང་སྟེ། མཆོད་སྡོང་མངོན་པོ་འདུགས་སུ་ཆུག་ལ། འཟུགས་སུ་བཅུག་ནས་ཀྱེ་དོང་དེར་བདག་ཉིད་མཆོངས་ན། དེ་ལྟར་ངས་ཁྱོད་ལ་ལེགས་པར་བཤང་པ་བསྒྲགས་པར་བྱའོ།། ཐམ
114a3 ཟེའི་ཁྱེའུ་ཆོས་འདོད་ཀྱིས་སྤྲས་པ། འཕགས་པ་བདག་འདི་ན་ལེགས་པར་བཤད་པ། ག་ཅིའི་ཆོལ་པ་དེ་ཐམས་ཅད་ནི་སེམས་ཅན་རྣམས་ཀྱི་སླད་ཏུ་ལགས་ན། སློབ་དཔོན་བདག་ཀྱིས་ལེགས་བཤད་པ། སེམས་ཅན་ནས།
114a4 ལ་མ་སྒྲགས་པར་ཇི་ལྟར་མེ་དོང་དུ་མཆོད་བར་བགྱི།། དེ་ནས་བྲམ་ཟེ་དེས། བྲམ་ཟེའི་ཁྱེའུ་ཆོས་འདོད་ལ་ཚིགས་སུ་བཅད་དེ་སྨྲས་པ།། སྔགས་ཚོལ་བདེ་བ་ག་ལ་ཡོད།། ཀ་ལ་བདེ་ཡོད་སྔགས
114a5 ཚོལ་བ།། སྔགས་བཙལ་ཕྱིར་ནི་བདེ་བར་འོར།། བདེ་བ་འོར་ཅིག་པ། སྔགས་བཙལ་ཕྱིར།། དེ་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས། བྲམ་ཟེ་དེ་ལ་ཚིགས་སུ་བཅད་པ་སླར་སྨྲས་པ།། བྱང་ཆུབ་ཚོལ་བ་ཀ
114a6 ལ་བདེ།། ཀ་ལ་བདེ་བ་བྱང་ཆུབ་ཚོལ།། བྱང་ཆུབ་བཙལ་ཕྱིར་བདེ་བ་འོར། བདེ་འོར་བྱང་ཆུབ་བཙལ་པོའི་ཕྱིར།། དེ་ནས་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ།། སློབ་དཔོན་བདག་ལ
114a7 ལེགས་པར་བཤད་པ། ལེགས་པར་བསྒྲགས་སུ་གསོལ། འོན་ཏན་ཁྱོད་ཀང་བཞེད་པར་བགྱིའོ།། བྲམ་ཟེའི་ཁྱེའུ་ཆོས་འདོད་ལེགས་པར་བཤད་པའི་དོན་གྱི་ཕྱིར་བདག་ཉིད་དོར་བར་འདོད་དོ་ཞེས་བྲམ་ཟེ་དང་། ཁྱིམ་བདག་རྣམས
114a8 ཀྱིས་ཐོས་ནས། དེ་དག་ཐམས་ཅད་དུ་ཞིང་དོང་ལ་མཆི་མ་ཟག་བཞིན་དུ། བྲམ་ཟེའི་ཁྱེའུ་ཆོས་འདོད་ག་ལ་བ་དེར་དོང་སྟེ་ཕྱིནད་ནས། བྲམ་ཟེའི་ཁྱེའུ་ཆོས་འདོད་ལ་འདི་སྐད་ཅེས་སྨྲས་སོ།། ཆོས་འདོད་ཁྱོད་བདག་ཉིད་མ་དོར་ཅིག།
114a9 ཆོས་འདོད་ནི་ཁྱིམ་ན་འདུག་བཞིན་སྦྱིན་པ་བྱིན་པ་དང་། བསོད་ནམས་བྱ་བར་ནུས་སོ།། བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་བྲམ་ཟེ་དང་། ཁྱིམ་བདག་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་དག་དེ་སྐད་མ་གསུང་ཤིག། བདག