e-texts navigator
Collection
Volume
Page
Wylie

113b1 དཔལ་སྲས་ད་ལྟར་འབའ་ཞིག་པ་མེ་དོང་དུ་བསྲེགས་པ་དང་། སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འདོད་ལ། ངས་དེ་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ལས་བཟློག་སྟེ། ཆོས་རྣམས་ལ་ཆོས་ཀྱི་ཕྱོགེ་རྡུལ་མྱེད་ཅིང་བྲིམ་དང་བྲལ་བ
113b2 སྐྱེས་ཡང་མ་ཟད་དེ། དགེ་སློང་དག་གཞན་གི་ཆེ་ཡང་། ཁྱིམ་བདག་དཔལ་སྲས་དབྱེ་དོང་བསྲེག་པ་དང་། སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འདོད་དེ། ངས་དེ་སེམས་ཅན་དམྱལ་བ་ཆེན་པོ་དེ་ལས་བཟློག་གོ།། དགེ་སློང་དེ་དག
113b3 ཀིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཁྱིམ་བདག་དཔལ་སྦས་གཞན་གི་ཚེ། བཅོམ་ལྡན་འདས་ཞུགས་ཀྱི་དོ་པྲདུ་བསྲེགས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་མནར་མ་མཆིས་པར་ལྟུང་བར་འཚལ་ལ།། བཅོམ་ལྡན་འདྲ
113b4 ཀྱིས་སེམས་ཅན་དམྱལ་བ་དེ་ལས་བ་རང་བར་མཛད་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་བ། དགེ་སློང་དག་སྔོན་བྱུང་རབ་འདས་པའི་དུས་ན། བྲམ་ཟེའི་ཁྱེའུ་ཆོས་འདོད་ཅེས་བྱ་བ། ཚུལ
113b5 ཁྲིམས་དང་ལྡན་པས། ཡོན་ཏན་དང་ལྡན་པ་འདོད་པ་ཆུང་བ། ཆོག། ཤེས་པ་རབ་ཏུ་དབེན་པ། དགེ་བའི་ཆོས་ཅན་ཞིག་བྱུང་སྟེ། བྲམ། ཟེའི་ཁྱེའུ་ཆོས་འདོད་ནི་གཟུགས་བཟང་བ། མཛེས་པ་ལྟ་ན་སྟུག་པ།
113b6 ཁ་དོག་བབང་པོ། རྒྱས་པ་མཆོག་དང་ལྡན་པའོ།། བྲམ་ཟེའི་ཁྱེའུ་ཆོས་འདོད་དེ་བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་རྣམས་ཀྱིས་བཀུར་བསྟི་བྱས། ཐ་མར་བྱས་སྟེ། མཆོད་ནས་གོས་དང་། ཟས་དང་། མས
113b7 ཆ་དང་། ན་བའི་གསོལ་སྨན་དང་། ཡོ་བྱད་བཟང་པོ་མང་པོར་རྙེད་པར་གྱུར་ཏོ།། བྲམ་ཟེའི་ཁྱེའུ་ཆོས་འདོད་པ་ནི་སྟོང་ཕྲག་བརྒྱས་ཚིགས་སུ་བཅད་པ་གཅིག་ཚོལ་ལོ།། དེ་ནས་བྲམ་ཟེ་ཞིག་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱི་རྙེད་པ་དང་།
113b8 བཀུར་སྟི་དང་། ཚིགས་སུ་བཅད་པ་མ་བཟོད་ནས། བྲམ་ཟེའི་ཁྱེའུ་ཆོས་འདོད་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བྲམ་ཟེའི་ཁྱེའུ་ཆོས་འདོད་ལ། འདི་སྐད་ཅེས་སྨྲས་སོ།། ངས་བྲམ་ཟེའི་ཁྱེའུ་ཁྱོད་ལ་ལེགས་པར་བཤད་པ་བསྒྲགས་པར
113b9 བྱའོ།། བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་སྨྲས་པ། འཕགས་པ་ལེགས་པར་བཤད་པ། བདག་ལེགས་པར་བསྒྲགས་སུ་གསོལ། བྲམ་ཟེས་སྨྲས་པ།། ཆོས་འདོད་ངས་ཁྱོད་ལ་དེ་བཞིན་དུ་ལེགས་པར་བཤད་པ།། བསྒྲགས་པར་བྱ




iiif viewer powered by OpenSeadragon

113a - 114a

Texts on this page

Ng22.35 - 'phags pa dpal sbas zhes bya ba'i mdo