e-texts navigator
Collection
Volume
Page
Wylie

113a1 འགྲོལ་ད། རྣམ་པར་འབྱེད། གསལ་བར་མངར་ངོ་།། བཅོམ་ལྡན་འདས་ཀྱིས་གང་གི་ཚེ།། ཁྱིམ་བདག་དཔལ་རྣམ་སེམས་དགའ་བ་དང་། སེམས་གཉེན་པ་དང་། སེམས་དགེ་བ་དང་། སྨིག
113a2 པ་མྱེད་པའི་སེམས་སུ་གྱུར་ད་པར་མཁྱེནད་པ་དེའི་ཚེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཡང་དག་ཕུལ་གི་ཆོས་གང་སྟོན་པ་དེ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔལ་སྦས་ལ་རྒྱ་ཆེར་རབ་ཏུ་བསྟན། རབ་ཏུ་གཞག།
113a3 རྣམ་པར་དགྲོལ། རྣམ་པར་བྱེ། གསལ་བར་མཛད། རབ་ཏུ་བཤད་དོ།། དེ་ནས་ཁྱིམ་བདག་དཔལ་སྦས་སྟན་དེ་ལ་འདུག་བཞིན་དུ་ཆོས་རྣམས་ལ་ཆོས་ཀྱི་དམྱིག་རྡུལ་མྱེད་ཅིང་དྲི་མ་དང་བྲལ་བ་སྐྱེས་ཏེ། འདི་ལྟ་སྟེ་དཔེར་ན།
113a4 རས་ནག་པོའི་བག་མྱེད་པ། ཁ་སྦྱར་བར་འོས་པ། མཚོན་ཀི་ནད་དུ་བཅུག་ན། མཚོན་ལེགས་པར་ཞེནད་པ་དེ་བཞིན་དུ། ཁྱིམ་བདག་དཔལ་སྦས་ཀྱང་སྟན་དེ་ལ་འདུག་བཞིན་དུ། ཆོས་རྣམས་ལ་ཆོས་ཀྱི
113a5 མྱིག་རྡུལ་མྱེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ།། དེ་ནས་ཁྱིམ་བདག་དཔལ་སྦས་ཀྱིས་ཆོས་མཐོང་ཆོས་ཐོབ། ཆོས་ཡོངས་སུ་བསྐྱེད། མངོན་དུ་ཡང་དག་རྟོགས། ནེམ་ནུར་མྱེད། ཐེ་ཙོམ་དང་བྲལ། སོམ
113a6 ཉི་དང་བྲལ། གཞན་གྱི་དྲིན་མྱི་འཇོག། སྟོན་པའི་བསྟན་པ་ཀུན་ཏུ་ཡེ། ས། མྱི་འཇིགས་པ་ཐོབ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལར་ཏོ།། བཙུན་པ་བཅོམ་ལྡན་འདས་བདག་སངས་རྒྱས
113a7 དང་། ཆོས་དང་། དགེ་འདུན་གི་དགེ་འདུན་ལ་སྐྱབས་སུ་འཆིའོ།། བཙུན་པ་བཅོམ་ལྡན་འདས་བདག་ལ་དགེ་སྙེན་དུ་བབྱུང་དུ་གསོལ། དེ་ནས་ཇི་སྲིད་འཚོའི་བར་བདག་ཀྱི་སྐྱབས་ཁྱོད་ལགས་ཏེ། སྐྱབས་སུ་མཆིའོ།། དེ་ནས
113a8 དགེ་སློང་དེ་དག་ངོ་མཚར་དུ་གྱུར་།། རྨད་དུ་བྱུང་བར་གྱུར་ཏེ། འདི་སྐར་ཁྱིམ་བདག་དཔལ་སྦས་བཅོམ་ལྡན་འདས་མེ་དོང་དུ་བསྲེགས་པ་དང་། སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འདོད་པ་དེ།། བཅོམ་ལྡན་འདས་ཀྱིས
113a9 སེམས་ཅན་དམྱལ་བ་ཆེན་པོ་ནས་བཟློག་སྟེ། ཆོས་རྣམས་ལ་ཆོས་ཀྱི་མྱིག་རྡུལ་མྱེད་ཅིང་། དྲི་མ་དང་བྲལ་བ་སྐྱེས་པ་འདི་ནི་ངོ་མཚར་མང་དུ་བྱུང་བའོ་སྙམ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དཔ། དགེ་སློང་ཁྱིམ་བདག




iiif viewer powered by OpenSeadragon

112b - 113b

Texts on this page

Ng22.35 - 'phags pa dpal sbas zhes bya ba'i mdo