| e-texts navigator |
| Wylie |
112b1 བདེན་པ་གང་ཡིན་པ་སངས་རྒྱས།། འཇིག་རྟེན་ཀུནས་ཟན་བྱེད།། བདེན་པའི་ཚིག་ནི་དེ་ཡིས་སུ།། བསུམ་དྲུག་ཀྱིས་མྱི་ཚུགས་ཤོག། བདེན་པ་གང་ཀྱིས་ངའི་ཆོས།། འཇིག་རྟེན་ཀུམ་ལ་ཐ་ན་བྱེད།། བདེན་པའི་ཚིག་ནི་དེས་ཁྲིན
112b2 ད་ལུས་དུག་གིས་མྱི་ཚུགས་ཤོག། བདེན་པ་གང་གིས་ངའི་དགེ་འདུན།། འཇིག་རྟེན་ཀུན་ལ་བླ་ན་མྱེད།། བདེན་པའི་ཆོ་ག་ནི་དེ་ཡིས་སུ།། བ་ལུས་དུག་གིས་མྱི་ཚུགས་ཤོག། ཤིང་ཀདྲ་དྲ་ཀ་དང་བཅས་རྣམས་དང་།། སྲོག་ཆགས་ག
112b3 དག་ཏུག་བཅས་པ།། དེ་ཀུན་འདོད་ཆགས་དུག་ལས་བྱུང་།། འདོད་ཆགས་འདི་ནི་དུག་གི་མཆོག། ཤིང་གང་དྲུག་དང་བཅས་རྣམས་དང་།། སྲོག་ཆགས་གང་དག་དུག་བཅས་པ།། དེ་ཀུན་ཞེ་སྡང་དུག་ལས་བྱུང་།། ཞེ་སྡང་འདི་ནི་དུག
112b4 གྱི་མཆོག། ཤིང་གང་དྲུག་དང་བཅས་རྣམས་དང་།། སྲོག་ཆགས་གང་དག་དུག་བཅས་པ།། དེ་ཀུན་གཏི་མུག་དུག་ལས་བྱུང་།། གཏི་མུག་འདི་ན་དུག་གི་མཆོག། དྲག་པོའི་དུག་གི་དྲུག་བཅོམ་སྟེ།། བསྲུང་དང་ཡོད།
112b5 སུ་བསྲུང་བ་བྱས།། སངས་རྒྱས་ཀུན་གྱིས་དྲུག་བཅོམ་པས།། རྡོ་གས་སངས་རྒྱས་ལ་སྐྱབས་སུ་དོག།། དེ་བཞིད་བགྱི་ཞེས་ཏེ། ཁྱིམ་བདག་དཔལ་སྲས་ཀྱིས། བཅོམ་ལྡན་འདས་ལ་ཚིགས་སུ་ལ་ཅ
112b6 པ། དེ་དག་ལེགས་པར་རབ་ཏུ་བླངས་ཏེ་བླངས་ནས། ཟས་དེ་དག་ལ་ལན་གསུམ་བཟླས་ཏེ། རང་གི་ལག་ཀྱིས་ཞལ་ཟས་གསོད་པ་མ་པོ་དགེ་སློང་གི་དགེ་འདུན་ལ་བསྟབས་ཏེ་ཚིམ་པར་བྱས་སོ།། དེ་ནས
112b7 ཁྱིམ་བདག་དཔལ་སྦས་ཀྱིས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་བཤོས་གསོལ་ཟིན་ཏེ། ཕྱག་བཅབས་ལྷུང་བཟེད་དཀྲུས་པར་རིག་ནས། སྟན་ཞིག་བླངས་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། ཁྱིམ་བདག་དཔལ་སྦས་ཕྱོགས།
112b8 གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་གཏམ་རིམ་གྱིས་མཛད་པ་འདི་ལྟ་སྟེ། གང་འདི་ནི་སྨྱོན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། མཐོ་རིས་ཀྱི་གཏམ་དང་། འདོད་པའི་ཉེས་དམྱིགས་དང་། དེའི་འོག་ཏུ་ཟད་པ
112b9 དང་། ཀུན་ནས་ཉོན་མོངས་པ་དང་། མངོན་པར་འབྱུང་བའི་ཕན་ཡོན་དང་། རྣམ་པར་བྱང་བའི་ཕྱོགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔལ་སྲས་ལ་རྒྱ་ཆེར་རབ་ཏུ་བསྟནད། རབ་ཏུ་འཇོག། རྣམ་པར