| e-texts navigator |
| Wylie |
111b1 བ་འདི་ངས་ཇི་ལྟར་རིམ་འགྲོ་བྱས་པ་བཞིན་དུ། བདག་ཉིད་ཀྱིས་རིམ་འགྲོ་བྱས་ཤིག། དེ་ནས་རྒྱལ་པོ་ཚངས་པས་སྦྱིན་གྱི་མཙུན་མོ་དཔེའ་བྱེད་ཉིད་ཀྱིས་མེ་ཏོག་དང་འབྲས་བུ་རྣམས་ཀྱིས་རྨ་བྱའི་རྒྱལ་པོ་གསེར་བྱ་སྣང་བ་དེ་ལ་བསྙེན་བཀུར
111b2 བྱེད་དོ།། དེའི་ཚེ་དུས་གཞན་ཞིག་ན། བཙུན་མོ་དཔེའ་མྱེད་སྐྱེས་པ་གཞན་ལ་ཆགས་པར་གྱུར་ཏེ། དེ་ནས་བཙུན་མོ་དཔེའ་བྱེད་ཀྱིས་འདི་སྙམ་ཏུ་བསམས་སོ།། ཟླ་བྱའི་རྒྱལ་པོ་གསེར་དུ་སྣང་བ་འདི་ནི་ཕྱི་སྐད་དུ་སྨྲ་བས་དེས་ཀཏ
111b3 འདི་རྒྱལ་པོ་ཚངས་པས་སྦྱིན་ལ་མྱི་སྙད་གྲང་། རྒྱལ་པོ་ཚངས་པས་སྦྱིན་དེས་ཀྱང་བདག་བཟུང་སྟེ་མྱི་བསད་གྲ་། སྙམ་ནས། དེ་ནས་བུད་མྱེད་དེས། རྨ་བྱའི་རྒྱལ་པོ་དེ་ལ་ཟས་དུག་ཅན་དང་།། སྐོམ་དུཀ་ཅན་བྱིན་ནོ།། བུ
111b4 མྱེད་དེས་རྨ་བྱའི་རྒྱལ་པོ་དེ་ལ། ཇི་ལྟ་ཇི་ལྟར་ཟས་དུག་ཅན་དང་། སྐོམ་དུག་ཅན་བྱིན་པ་དེ་ལྟར་མ་བྱའི་རྒྱལ་པོ་དེ་གཟུགས་ཆེས་བཟང་བ་དང་། ཆེས་མཛེས་མཛེས་པ་དང་། ཆེས་ལྟ་ན་སྡུག་པ་དང་། ཆེས་འོད་གསལ་བར
111b5 གྱུ་རད་ཏོ།། དེ་ནས་བཙུན་མོ་དཔེའ་མྱེད་ཀིས་འདི་སྙམ་དུ་བསམས་ཏེ། རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ལ། བདག་ཀྱིས་ཇི་ལྟ་ཇི་ལྟར། ཟས་དུག་ཅན་དང་། སྐོམ་དུཀ་ཅན་བྱིན་པ་དེ་ལྟ་དེ་ལྟར་འདིའི་ལུས
111b6 གཟུགས་ཆེས་བཟང་བ་དང་། ཆེས་མཛེས་པ་དང་། ཆེས་ལྟ་ན་སྟུགཔ་དང་། ཆེས་འོད་གསལ་བར་གྱུར་ཏོ་སྙམ་མོ།། དེ་ནས་བཅུ་ན་མོ་དཔེའ་ཕྱེད་ལ་རྨ་བྱའི་རྒྱལ་པོ་གསེར་དུ་སྡང་བས་འདི་སྐད་ཅེས
111b7 སྨྲས་སོ།། རྐུན་མ་རྐུན་མ་ཁྱོད་ཀྱི་ངེས་ཤེས་ཏེ། ཁྱོད་འདི་སྙམ་དུ་བདག་ནི་སྐྱེས་བུ་གཞན་ལ་ཆགས་པར་གྱུར་ད་ལ་བྱ་འདི་ཤེས་ཏེ། འདི་ཡང་མྱི་སྐད་སྨྲ་བ་འདིས་གཏམ་འདི་རྒྱལ་པོ་ཚངས་པས་སྦྱིན་ལ་མྱི་སྙེད་གྲང་། རྒྱལ་པོས
111b8 བདག་བཟུང་སྟེ་མྱི་བསང་གྲང་སྙམ་དུ་བསམས་ནས། དེའི་ཕྱིར་ཁྱོད་ཀྱིས་ཕལ་ཟས་དུག་ཅན་དང་སྐོམ་དུག་ཅན་བྱིན་ཏེ། ཁྱོད་ཀྱིས་པ་བསད་པར་མྱི་ནུས་སོ།། དེ་ནས་བཙུན་མོ་དཔེའ་མྱེད་དེས་ཚིག་དེ་ཐོས་ནས། ཟས་ཁུབ་ཏུ་སྐྱེས
111b9 ཏེ། ཁྲག་དྲོན་པོ་སྤྲུགས་ནས། ནང་ཚབས་པོ་ཆེས་བཏབ་སྟེ། ནད་དེ་ཉིད་ཀྱིས་ཤི་བའི་དུས་བྱས་སོ།། དེ་ཤི་ནས་སེམས་ཅན་དམྱལ་བ་ཆེན་པོ་རུ་འབོད་དུ་སྐྱེས་པར་གྱུརྡ་ཏོ།། ཁྱི་མ་བདག་དེའི་ཚེ་དེའི་དྷི་ས་ན། གྲོང་ཁྱེར་ཆེ