| e-texts navigator |
| Wylie |
111a1 དུ་བཅུག་སྟེ། དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བགོས་ནས་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་བསྟན་ཏེ། དཔུང་གི་ཚོགས་ཡན་ལག་བཞི་པ་དང་། ལྷན་ཅིག་ཏུ་རིའི་རྒྱལ་པོ་ག་རས་རིའི་ལྷོ་ཕྱོགས་ཀྱི་ངོས་ག་ལ་བ
111a2 དེར་སོང་བ་དང་། རྨ་བྱའི་རྒྱལ་པོ་གསེར་དུ་སྡང་བ་དེ་བདག་ཉིད་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ཏེ། སྐད་བྱུང་བ་དང་། དེའི་སྐད་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་པ་ཁྱབ་པར་གྲགས་ནས། རྒྱལ་པོ་ཚངས་པས་སྦྱིན་དེ་རྒལ
111a3 མགུ་ཡི་རངས་ཏེ། རབ་ཏུ་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་དེ་ལ་བཀུར་སྟི་བྱེད་དུ་བཅུག། བླ་མར་བྱེད་དུ་བཅུག། རིམ་འགྲོ་བྱེད་དུ་བཅུག། མཆོད་པ་བྱེད་དུ་བཅུག་ནས། རྨ་བྱའི་རྒྱལ་པོ
111a4 ཀ་སེར་དུ་སྣང་བ་དང་། ལྡན་གཅིག་དུ་གྲོང་ཁྱེར་བ་ར་ན་སེར་ག་ལ་བ་དེར་སོང་བ་དང་། གྲོང་ཁྱེར་བ་ར་ན་སོའི་སྒོར་འདུག་ནས། སྐད་བྱུང་སྟེ། དེའི་སྐད་དེས། གྲོང་ཁྱེར་དེ་ཐམས་ཅད་ཁྱབ་པར་གྲག་གོ།། དེ་ནས
111a5 གྲོང་ཁྱེར་བ་ར་ན་སེར་སྐྱེས་པ་དང་། བུད་མྱེད་དང་། ཁྱེའུ་དང་བུ་མོ་གང་དག་གནས་པ་དེ་དག་གྲོང་ཁྱེར་ཀཽ་སྒོ་ག་ལ་བ་དེར་རབ་ཏུ་རྒྱུག་གོ།། དེ་ནས་རྒྱལ་པོ་ཚངས་པས་སྦྱིན་གྱིས། རྨ་བྱའི་རྒྱལ་པོ་གསེར་དུ་སྣང
111a6 བ་ལ་བཀུར་སྟི་བྱེད་དུ་གཙུག། བླ་མར་བྱེད་དུ་བཅུག། རིམ་འགྲོ་བྱེད་དུ་བནྟུ་ག། མཆོད་པ་བྱེད་དུ་བཅུག་ནས། རང་གི་ཁྱིམ་ཀ་ལ་བ་དང་། བཙུན་མོ་དཔེའ་མྱེད་མ་ཀ་ལ་བ་དེར་སོང་སྟེ་ཕྱི་ནང་ནས། བཙུན་མོ་དཔེའ་མྱེད
111a7 ལ་འདི་སྐད་ཅེས་སྨྲས་ཏེ། ལྷ་མོ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་འདི་ནི་ཁྱོད་ཀྱི་གན་ཏུ་རང་འོངས་སོ་ཞེས་སྨྲས་སོ།། རྒྱལ་པོ་ཚངས་པས་སྦྱིན་དེ་བདག་ཉིད་མ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ལ་མེ་ཏོག་དང་། འབྲས་བུ་རྣམས་ཀྱིས་རིམ་འདྲ
111a8 བྱེད་དོ།། དེའི་ཚེ་དུས་གཞན་ཞིག་ན། རྒྱལ་པོ་ཚངས་པས་སྦྱིན་བྲེལང་པ་ཞིག་བྱུང་ནས། དེས་འདི་སྙམ་དུ་བསམས་ཏེ། སུ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ལ་རིམ་འགྲོ་བྱེད། ནུས་སྙམ་ནས་དེས་ཡང་འདི་བསམས་ཏེ། བཙུན་མོ
111a9 དཔེའ་ཕྱེང་ནི་མའམ་པ་ཤེས་རབ་ཆེན་པོ་དང་ལྡན་པ་སྟེ། དེས་ནུས་སོ་སྙམ་སོ།། དེ་ནས་རྒྱལ་པོ་ཚངས་པས་སྦྱིན་གྱིས། བཙུན་མོ་དཔེའ་ཕྱེད་ལ་བོས་ཏེ། འདི་སྐད་ཅེས་སྨྲས་སོ།། ལྷ་མོ་ཁྱོད་ཀྱིས་མ་བྱའི་རྒྱལ་པོ་གཔེར་དུ་སྔ