e-texts navigator
Collection
Volume
Page
Wylie

110a1 སྙིས་བཟུང་བར་མ་ནུས་པ་དང་། རྨ་བྱའི་རྒྱལ་པོ་དེས་སྙིང་རྗེ་ཉེ་བར་གཞག་ནས་རྔོན་པ་དང་། བྱ་བ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཞོགས་འཚོ་བ་བྱེད་རྣམས་ཅིའི་ཕྱིར་ཕྱོགས་འདི་ན་ག་ཟང་ཞིང་འཁོད། དེ་དག
110a2 གིས་སྤྲས་པ། རྨ་བྱའི་རྒྱལ་པོ་ཤེས་པར་གྱིས་ཤིག། རྒྱལ་པོ་ཚངས་པས་སྦྱིན་དེས་བསྒོ་བ། མཆོག་རྣམས་ཤེས་པར་གྱིས་ཤིག། རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ལ་མ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བ་ཡམ
110a3 ལག་བཀྲ་བ། ལུས་བཀྲ་བ། རིན་པོའི་ཆེའི་མཆུ་ཅན་འཁོར་ལྔ་བརྒྱ་དང་ལྡན་པ་ཞིག་གནས་ཀྱིས་དེ་ཁྱེད་ཀྱིས་བྱ་རྒྱའི་སྙིས་བཟུང་ལ་འདི་ལྟ་འོན་ཅིག་གལ་ཏེ་འདི་བླངས་པར་ནུས་ན་ནི་ཤི་ན་ཏུ་ལེགས་སོ།། ཇི་སྟེ་མ་ནུས་ན
110a4 ཁྱེད་ཐམས་ཅད་ཀྱི་སྲོག་ཡལ་ལོ་ཞེ་ཅཝོ་སྟེ། བདག་ཅག་སྲོག་ཀྱིས་ཛེ་ཤེས་སྨག་ནས། ཁྱོད་ཀྱི་ཕྱིར་འདི་སྦྱར་བུར་འབད་པར་བྱེད་དོ།། རྨ་བྱའི་རྒྱལ་པོ་དེས་སྨྲས་པ། ཞོ་གས་འཚོ་བ་དག། ཁྱེད་ཀྱིས་སྐྱེ
110a5 དང་བྱ་རྒྱས་ར་བཟུང་བར་མྱི་ནུས་སོ།། ཞོ་ཞེས་འཚོ་བ་དག། གཡེ་ཏེ་རྒྱལ་པོ་ཚངས་པས་སྦྱིན་པ་ལྟ་བར་འདོད་ན། གྲོང་ཁྱེར་བ་རན་སེ་འི་ནང་ནི་ནང་ཏུ་ཕྱག་དར་བྱོས་ཏེ། སྤོས་ཆུས་ཆག་ཆག་པོ་བ་ལ། མེ་ཏོ།
110a6 སིལ་མ་བཀྲམ་སྟེ། གདུགས་དང་བ་དན་བྲེས་ཤིང་རྒྱལ་མཚན་སྒྲེང་ལ། པོག་བོར་ནས་གདུག་པས་གདུགས་ལ། རིན་པོ་ཆེ་སྣ་བདུན་གི་ཤིང་རྟ་བགྱིས་ཏེ། ཞག་བདུན་གྱི་ཉིན་པར་དཔུང་གི་ཚོགས་ཡན་ལག་བཞི་པ
110a7 དང་ལྷན་ཅིག་ཏུ། འདིར་ཤོག་ཤིག་དང་། ང་ཉིད་དེར་འགྲོ་བར་བྱའོ།། དེ་ལྟར་བྱའོ་ཞེས་ཏེ། རྔོན་པ་དང་བྱ་བའི་ཕྱི་དག་མ་བྱའི་རྒྱལ་པོ་ཀ་སེར་དུ་སྣང་བ་ལྟར་མཉན་ནས། མཐར་གྱིས་གྲོང་བྱེར་བ་རང་སེ་དེར་རྒྱལ་པོ་ཚངས་པས
110a8 སྦྱིན་ཀ་ལ་བ་དེར་སོང་སྟེ་ཕྱིནང་ནས། རྒྱལ་པོ་ཚངས་པས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ།། ལྷ་མཁྱེནད་པར་མཛད་དུ་གསོལ།། བདག་ཅག་འདི་ནས་བྱ་རྒྱ་དང་སྙིང་ཐོགས་སྟེ།། རིའི་རྒྱལ་པོ་གངས་རོའི་ལྷོ་ཕྱོགས་གི་ངོས་ཀ
110a9 བ་དེར་མཆིས་པ་དང་། ཕྱོགས་ཀང་ན་རྨ་བྱའི་རྒྱལ་པོ་ཀསེར་དུ་སྣང་བ་གནས་པོའི་ཕྱོགས་དེར་སྟི་བཙུགས། རྒྱ་བྲེས་ན་མ་བྱའི་རྒྱལ་པོ་གསེར་དུ་སྣང་བ་གང་དང་གདུ་དྷ་ལྟ་བ་དེ་དང་དེར་རྒྱལ་རལ་སྙི་ཆད་དེ་བདག་ཅག་ཕྱོགས་དེ་ན




iiif viewer powered by OpenSeadragon

109b - 110b

Texts on this page

Ng22.35 - 'phags pa dpal sbas zhes bya ba'i mdo