e-texts navigator
Collection
Volume
Page
Wylie

107a1 ཚངས་པའི་སླད་དུ་མ་ལགས། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཡུལ་གྱི་སླད་དུ་མ་ལགས་ཏེ། གཞན་དུ་བདག་ཇི་ལྟར་བླ་ན་མྱེད་པ་ཡང་དག་པར་རྫོགས་པོའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར
107a2 བགྱི་བ་དང་། སེམས་ཅན་མ་དུལ་བ་གདུལ་བར་བགྱི། མ་གྲོལ་བ་དགྲོལ་བར་བགྱི། དབུགས་མ་ཕྱུང་བ་དབུགས་ཕྱུང་བར་བགྱི། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་ཟླ་བར་བགྱི་བའི་སླད་དུ་སྟེ།
107a3 བདེན་པ་དང་བདེན་པའི་ཚིག་དེས། བདག་ཡོངས་སུ་གཏོང་བ། འབྲས་བུ་མ་མཆིས་པར་མ་གྱུརྡ་ཅིག་ཅེས་སྨྲས་ནས། བདག་ཉིད་མེ་དོང་ཆེན་པོ་མཆོངས་སོ།། དགེ་བསྙེན་རི་བོང་དེས་མྱེ་དོང་དེར་མཆོངས་མ་ཐག་ཏུ།
107a4 མྱེ་དོང་དེའི་མེ་ཤི་སྟེ། པད་མ་ཅན་གི་རྫིང་དུ་གྱུར་ནས། རི་བོང་དེ་བུང་བ་ཟོ་ཟོ་ཟེར་བར་གྱུར་པོའི་པད་མའི་འདབ་མའི་འདབ་མ་སྟོང་ཡོད་པའི་སྟེང་ན་འདུག་ཅིང་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ།
107a5 ཐོག་མར་དགེ་བ། བར་དུ་དགེ་བ། ཐར་མར་དགེ་བ། དོན་བཟང་པོ་ཚིག་འབྲུ་བཟང་པོ་མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོད། ས་སུ་དག་པ། ཡོངས་སུ་བྱང་བ། ཡང་དག་པར་སྟོན་ཏོ།། དྲང
107a6 སྲོད་ཀྱིས་དེ་མཐོང་སྟེ། མཐོང་ནས་ཀྱང་དཀའ་མགུ་ཡི་རངས་ཏེ། རབ་ཏུ་དཀའ་ནས་དཀའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། རི་བོང་དེ་ལ་ཐལ་མོ་སྦྱར་ཏཾ་ཕྱག་འཚལ་ལོ།། དགེ་སྙེན་དེའི་ཚེ་དེའི་དུས་ན། ནགས་ཚལ་སྟུ།
107a7 བ་དེ་ནས་གནས་པ་དྲང་སྲོབདེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཅོམ་པ་ན། དེ་སྦྱར་གྱི་ལྟ་སྟེ། དགེ་སློང་འོད་སྲུངས་དེའི་ཚེ་དེའི་དུས་ན་དུན་པ་བྲས་ལ་མ་ཀྱིགསཅ་ཡོབ་ང་སྨིན་པ་ས
107a8 ཁྱོད་དོགས་ཤིང་ཐེ་ཙོམ་ཟ་ན། དེ་ལྟར་མྱི་ལྟ་སྟེ་ང་དེའི་ཚེ་དེའི་དུས་ན་རི་བོང་དུ་གྱུར་ཏོ།། དགེ་བསྙེན་བདུད་འགྲོའི་སྐྱེ་གནས་སུ་གྱུ་རད་པ་དེའི་ཚེ།། ཡང་ངའི་ལུས་ལ་སྐྱེས་མ་རྒྱགས་ན། ད་ལྟར་བྱང་ཆུབ་མངོན་པར
107a9 རྫོགས་པར་སངས་རྒྱས་པ་ས་ལྟ་ཅི་སྨོས་ཏེ། ངའི་ལུས་ལ་སྐྱེས་ཚུག་པར་འགྱུར་བ་འདི་ནི་གནས་མྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་བསྙེན་དེ་དང་། སྐྱེ་བོ་ཕལ་པོ་ཆེ་ལ་ཆོས་གཏམ་ཡང་སྟོན། ཡང་དག་།




iiif viewer powered by OpenSeadragon

106b - 107b

Texts on this page

Ng22.35 - 'phags pa dpal sbas zhes bya ba'i mdo