| e-texts navigator |
| Wylie |
106b1 ཁྱོད་བཤོས་གསོལ་ལོ།། དེ་ནས་དྲང་སྲོང་དེ་ནགས་སུ་སོང་སྟེ་མེ་བུས་ནས་སྔགས་ཀྱིས་སྦྱིན་སྲེག་བྱེད་དོ།། དེ་ནས་རི་བོང་དེ་ནགས་དེར་གོམ་པས་འགྲོ་ཞིང་རྣམ་པར་རྒྱ་ཡང་། གང་ནས་ཀྱང་འབྲས་བུ་འམ། རྩ་བ
106b2 མ་རྙེད་ནས་དེ་འདི་སྙམ་དུ་སེམས་སྟེ། བདག་གིས་དྲང་སྲོང་དེ་ཟས་ལ་འགྲོན་དུ་བོས་ལ། བདག་གིས་ནགས་སྟུག་པོ་འདི་ཐམས་ཅད་དུ་སོན་ཀྱང་། ཀང་ནས་ཀྱང་འབྲས་བུ་འམ། རྩ་བ་མ་རྙེད་ཀྱིས། བདག་རང
106b3 གིཤས་དྲང་སྲོང་དེ་ཚིམ་པར་བྱའོ་སྙམ་སྟེ། དེ་ནས་རི་བོང་དེ་དྲང་སྲོང་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དྲང་སྲོང་དེ་ལ་འདི་སྐད་ཅེས་སྨྲས་སོ།། དྲང་སྲོང་མཁྱེནད་པར་མཛོད་ཅིག། བདག་ཀྱིས་ཁྱོད་ལ་བཤོས་གསོལ
106b4 བར་སྤྱན་དྲངས་ལ། བདག་གིས་ནགས་སྟུག་པོ་འདི་ཐམས་ཅད་དུ་མཆིས་ཀྱང་། ཀང་ནས་ཀྱང་འབྲས་བུ་འམ་རྩ་བ་མ་རྙེད་ན། བདག་ཞུགས་ཀྱིས་དོང་འདིར་བདག་ཉིད་ཀྱིས་ཚོང་གིས། ཁྱོད་ཀྱི
106b5 ཀྱང་བདག་ཀི་ཤ་དེ་གསོལ་ལ།། དཀུར་གཅིག་ནགས་སྟུག་པོ་འདི་ན་བཞུགས་ཤིཀ།། དྲང་སོང་ཀོས་སྨྲས་པ། རི་བོང་མ་བྱེད་ཅིག། དེ་སྐད་མ་སྨྲ་ཤིག། ང་ནི་རི་བོང་ཁྱོད་ལ་གནོད་པར
106b6 མྱི་འདོད་ན། དཁྱོད་ཀྱི་ཤེ་ཟ་བ་ལྟ་ཅི་སྨོས་པ། རི་བོང་གྱིས་སྨྲས་པ། དྲང་སྲོང་དེ་སྐད་མ་གསུངས་ཤིག། ཁྱོད་གིས་བདག་གི་བོས་པ་ནི་ངེས་པར་བསྐབ་འཚལ་ལོ།། དེ་ནས་རི་བོང་དེ་འདི་ལྟ་བུའི་བདེན་པའི་ཚིག་འདི་སྨྲས
106b7 ཏེ།། ནགས་སྟུག་པོའི་འདིའི་ལྷ་རྒྱ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ།། ཀླུ་དང་ནོད་སྦྱིན་དང་། དྲི་བ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་དག་གནས
106b8 པ་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ།། བདག་ནི་གཏོང་བ་བགྱིད་རེ། ཤིན་དུ་ཏུ་གཏོང་བ་དང་། གཏོང་བའི་ཡང་གཏོང་བ་དང་། བདག་ཉིད་གཏོང་བར་བགྱིད་དོ།། བདག་གི་བདེན་པ་དང
106b9 བདེན་པའི་ཚིག་ཀར་གྱིས་བདག་ཡོངས་སུ་གཏོར་བ་ནི་རྒྱལ་པོའི་སླད་དུ་མ་ལགས། ལོངས་སྤྱོད་གི་སྲང་དུ་མ་ལགས། མཐོ་རིས་ཀྱི་སླད་དུ་མ་ལགས། བརྒྱ་བྱི་ཉིད་ཀྱི་སྲད་དུ་མ་ལགས། བདུད་ཀྱི་སླད་དུ་མ་ལགས