| e-texts navigator |
| Wylie |
105b1 བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ས་ག་ཅི་ཞིག་སྨོས་ཏེ། བའི་ལུས་ལ་སྐྱེས་ཚུགས་པར་འགྱུར་བ་འདི་ནི་གནས་མྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་བྱེན་དེ་དང་། སྐྱེ་བོ་པལ་པོ་ཚལ་ཆོས་གཏ།
105b2 ཡང་དག་པར་སྟོན་། ཡང་དག་པར་འཛིན་དུ་འཇུག། ཡང་དག་པར་གཟེང་སྟོང་། ཡང་དག་པར་རབ་ཏུ་དཀའ་བར་མཛད་དོ།། ཆོས་ཀྱི་གཏམ་ཡང་དག་པར་སྟན་། ཡང་དག་པར་འཛི་ནི་དུ་འཇུག། ཡང་དག
105b3 པར་གཟེར་སྟོང། ཡང་དག་པར་རབ་ཏུ་དཀའ་བར་མཛད་ནས། མདུ་ནད་ཏུ་བཞུད་ནས། དགེ་སྙེན་ཞིག་གིས་བཅོམ་ལྡན་འདས་རྒྱང་རིང་པོ་ནས་བྱོན་པ་མཐོང་ངོ་།། མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། ཁྱི་མ་པདྨ
105b4 དཔལ་སྦས་འདི་ནི་བཅོམ་ལྡན་འདས་ལ་རྣམ་པ་འདི་ལྟ་བུ་འདི་བྱེད། པར་འདོད་ན། བཅོམ་ལྡན་འདས་གྲོངས་པར་མྱི་འགྱུར་གྲཔ། རེ་བཞིན་གཤེགས་པ་དཀྲོངས་པར་མྱི་འགྱུར་གྲང་། འཇིག་རྟེན་གྱི
105b5 མྱིག་ཤིན་ཏུ་མྱུ་རུ་ཏུ་མྱེད་པར་མྱི་འགྱུར་གྲང་། འཇིག་རྟེན་དུ་མུན་པ་ཤི་ནད་ཏུ་མྱུར་ཏུཅི་གྱུར་གྲང་།། བསྐལ་པ་གྲངས་མྱེད་པ། གསུམ་དུ་ཡང་དག་པར་བསྒྲུབས་པའི་སངས་རྒྱས་ཤི་ནད་ཏུ་མུ་རང
105b6 ཏུ་ནུབ་པར་མྱི་འགྱུར་གྲང་། བདག་ཅག་ཆོས་ཀྱི་ལོངས་མྱོད་ལས་ཤ་ནིད་ཏུ་ཉམས་པར་མྱི་འགྱུར་གྲང་། སྙམ་སྟེ་དེ་ནས་དགེ་བསྙེན་ར་བཅོམ་ལྡན་འདས་ཀ་ལ་བ་དེར་སོང་སྟེ་ཕྱིནད་པ་དང་། བཅོམ་ལྡན་འདས
105b7 ཀྱི་ཞབས་ལ་མགོ་བོས་ཕྱག་འཚས་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ཏེ། པུས་མོ་གཉིས་ཀའི་ལྷང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀ་ལ་བ་དེར་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ
105b8 ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་ཁྱིམ་བདག་དཔལ་སྦས་ཀྱི་ཁྱིམ་དུ་མ་གཤེགས་ཤིག། དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་ཁྱིམ་བདག་དཔལ་ཨཱས་ཀྱིས་ནི་བཅོམ
105b9 ལྡན་འདས་དང་། དགེ་སློང་གི་དགེ་འདུན་དགྲོངས་པའི་སླད་དུ་བྱི་སྒོའི་སྒོ་གང་དུ་དོང་ཆེན་པོ་བཆོས་གསུལ་ཏེ། རྡོང་རྐོས་ནས་ཞུགས་ཀྱི་འབར་ཞི་དུ་མྱི་ཕུལ་བས་བལྟམ་ཏེ། སྟེང་དུ་ཕྱག་དར་སྲས་མོས་གཡོགས་ཤིང་མཆིས