e-texts navigator
Collection
Volume
Page
Wylie

105a1 དང་། བྱ་གང་དག་གནས་པ་ནམ་མཁལས་རྒྱབ་དང་། ཐང་ལ་རྒྱུ་བ་དང་། མུལ་རྒྱ་བ་དེ་དག་སྲེག་པའི་མེ་ཆེན་པོ་རེས་འཁྲུགས་ནས།། དེ་ན་གང་དག་ནམ་མཁའ་ལ་རྒྱུ་བ་དེ་དག་ནམ་མཁལ་ས་བྱེར། ཀ
105a2 རག་རྒྱལ་རྒྱུ་བ་དེ་དག་ནི་ཆུར་ཞུགས། ཀངབདག་པ་ལ་རྒྱབ་དེ་དག་ནི་ཕན་ཚུན་འབྱེར་ཞིང་ཆུག་སྟེ་འབྲོས་སོ།། ང་ནི་འདི་ལྟར་ཁྱོད་ཅིག་ཏུ་འོང་ཞེས་བུ་ཁྱོད་ཀྱི་ཕྱིར་འདི་ལྟར་བཅོས་པར་བྱེད་དོ།། དེས་སྤྲས་པ་ཡུམ་པོང
105a3 ཤིག་ཟོང་ཤིག། ཡུམ་ཁྱོད་ནི་བྱོས་པ་སྟེ། ཁྱོད་ཀྱིས་རྩོལ་བ་འདི་ལྟ། བུས་བདག་སྲེགས་པའི་ཀྱེ་འདི་ལས་པ་རད་པར་མཛད་ཀྱི་སྡོང་ངོ་།། ཡུམ་ཁྱོད་ཀྱིས་བདག་ཉིད་ཀྱིས་ཐུ་དང་སྟོབས་བསྐྱེད་དེ།། རན་བུ་ལེགས་པར
105a4 ཤི་ནང་ཏུ་བླངས་ལ་གླེང་བེགས་བུར་ཆར་པ་འདིར་ཤིང་ནང་གི་མཐོན་དཔོའི་ཁར་ངན་། ཞག་པར་གྱོད་དམ། དེ་བཞིན་དུ་བྱའོ་ཞེས་ཏེ་མེ་ཀ་པ་མ་མོ་དེས་སྲེག་པའི་ཕྲུག་ཀུའི་ལྟར་མཉན་ནས་རང་གི་མཐུ་དང་།
105a5 སྟོབས་བསྐྱེད་དེ། སྲེག་པོའི་ཕྲུག་གུ་དེ་ཀུན་ཏུ་ལེགས་པར་བླངས་ན། ནས། གླིང་བེགས་བུར་ཆུད་པ་དེའི་ཤིང་ནང་གི་མཐོན་པོའི་ཁར། བཞག་གོ།། དེ་ནས་སྲེག་པའི་ཕྲུག་ཀུ་དེས། སྲེག་པའི་མྱེ་ཆེན་པོ
105a6 དེ་མཐོང་ནས། བྱམས་པའི་ཁྱབ་པར་བྱས་སོ།། བྱམས་པས་ཁྱབ་པར་བྱས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། རྐང་མྱེད་སེམས་ཅན་རྣམས་ཀྱང་ཡོད།། འདབ་ཆགས་རྐང་དང་བཅས་པ
105a7 འང་ཡོད།། པ་མ་དག་གིས་གསུངས་ཤིང་འཁོད།། མེ་འདུག་ཚུར་ནི་མ་འོངས་ཤིག། དགེ་བསྙེན་སྲེག་པའི་ཕྲུག་གུ་དེས།། ཚིགས་སུ་བཅད་པ་དེ་སྤྲས་མ་ཐག་དུ་ཀྱེ་ཤི་བར་གྱུར་ཏེ།། གང་ནས་བཏང་བ་དེ་ཉིད་དུ་ཤིན
105a8 དེ་ལྟར་དེ་ཙུན་ཆད་དེ་བསད་ཀྱི་བར་དུ་གླིང་བེགས་བུར་ཆད་པ་དེར་མྱེ་མ་ཤོར་ཏོ།། དགེ་སྙེན་དེའི་ཚེ་དེའི་དུས་ན་གླིང་བེཀས་བུར་ཆད་པ་ན། སྲེཀ་པ་ཕྲུག་གུ་མདབ་གཤོག་མ་སྐྱེས་པ་དེ་བཞིན་ཞིག་ཡིན་སྙམ་དུ་ཁྱོད
105a9 དོགས་ཤིང་ཐེ་ཙོམ་ཟ་འམ་ཡིད་གཉིས་ཟ་ན་དེ་ལྟར་མྱི་ལྟ་སྟེ། དགེ་སྙེན་པ་དེའི་ཚེ་དེའི་དུས་ན་སྲེག་པའི་ཕྲུ་གུར་གྱུར་ཏོ།། དགེ་སྙེན་བདུད་འགྲོའི་སྐྱེ་གནས་སུ་གྱུརྡ་པ་དེའི་ཚེ་ཡང་སུས་ལ་མྱེས་མཚུགས་ན།། ད་ལྟར




iiif viewer powered by OpenSeadragon

104b - 105b

Texts on this page

Ng22.35 - 'phags pa dpal sbas zhes bya ba'i mdo