| e-texts navigator |
| Wylie |
104a1 པ་དང་། སྟེགས་བུ་དང་། སྒོ་དང་། སྐར་ཁུང་ནས་ལྟ་ཞིང་འཁོད་པ་དག་གིས། བཅོམ་ལྡན་འདས་ལ་མེ་ཏོག་གི་ཕུར་མ་གཏོར་ཏོ།། རྒྱལ་པོ་ལ་འབ་ཀྱི་གྲོང་ཁྱེར་ཆེན་པོའི་སྐྱེ་བོ་ཕལ་པོ་ཆེ་ཡང་ངོ་མཚ་རང་དུ
104a2 གྱུར་། རྨད་དུ་བྱུང་བར་གྱུར་དཏེ། ཡི་རང་བར་གྱུར་ནས། སྒྲ་གསང་མཐོན་པོ་དང་། སྒྲ་ཆེན་པོ་ཧ་དི་ཞེས་བྱ་བ་དང་། ཧཧ་ཞེས་བྱ་བ་དང་། ཨ་ལ་ལ་ཞེས་བྱ་བ་དང་། ཨའུ་ཞེས་སྒྲ་ཆེར་འབྱིནད་ཏོ།། བཅོམ་ལྡན་འདས་ལ་གོས
104a3 ཀྱང་འཐོར་རོ།། དེ་ནས་བཅོམ་ལྡན་འདས་ཀྱི་རྒྱལ་པོའི་ཁེབ་ཏུ་ཞུགས་ཏེ། ཁྱིམ་བདག་དཔལ་སྦས་ཀྱི་ཁྱིམ་ག་ལ་བ་དེར་གཤེགས་པ་དང་། དགེ་སྙེན་ཞིག་གིས་བཅོམ་ལྡན་འདས་རྒྱང་རིང་པོ་ནས་བྱོན་པ་མཐོང་ངོ་།། མཐོང་ནས་ཀྱང
104a4 དེ་འདི་སྙམ་དུ་སེམས་ཏེ། ཁྱིམ་བདག་དཔལ་སྦས་འདི་ནི་བཅོམ་ལྡན་འདུས་འདས་ལ་རྣམ་པ་འདི་ལྟ་བུ་འདི་བྱེད་པར་འདོད་ན། བཅོམ་ལྡན་འདས་གྲོངས་པར་མྱི་འགྱུར་གྲང་། འཇིག་རྟེན་ཀི་མྱིག་ཤིན་ཏུ་མྱུར
104a5 ཏུ་བྱེད་པར་མྱི་འགྱུར་གྲང་།། འཇིག་རྟེན་དུ་མུན་པ་ཤི་ནང་དུ་མྱི་འབྱུང་། གྲང་། བསྐལ་པ་གྲངས་མྱེད་པ་གསུམ་དུ་ཡང་དག་པར་རིག། བསྒྲུབས་པའི་སངས་རྒྱས་ཤི་ནད་ཏུ་མྱུར་དུ་ནུབ་པར་མྱི་འགྱུར་གྲང་།
104a6 བདག་ཅག་ཆོས་ཀྱི་ལོང་སྤྱོད་ལས་ཤིན་ཏུ་མྱུར་དུ་ཉམས་པར་མྱི་འགྱུར་གྲང་སྙམ་སྙེམ།། དེ་ནས་དགེ་སྙེན་དེ་བཅོམ་ལྡན་འདས་ཀ་ལ་བ་དེར་སོང་སྟེ་ཕྱིནད་པ་དང་།། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ
104a7 བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་བསྐོར་བ་བྱས་ནས་པུས་མོ་གཡས་པའི་ལྷ་ར་ས་བཙུགས་ཏེ། བཅོམ་ལྡན་འདས་ཀ་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས
104a8 གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་ཁྱིམ་བདག་དཔལ་སྤྲས་ཀྱི་ཁྱིམ་དུ་མ་གཤེགས་ཤིག།། དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་ཁྱིམ་བདག་དཔལ་སྲས་ཀྱིས་ནི་བཅོམ་ལྡན་འདས་དང་། དགེ་སློང
104a9 ཀི་དགེ་འདུན་དགྲེངས་པའི་སླད་དུ་ཕྱི་སྒོའི་སྒོ་གང་དུ་དོང་ཆེན་པོ་བཀོར་གསལ་ཏེ། དོང་གོས་ནས་ཞུགས་ཀྱི་འབར་ཞིང་བུབ་ཀྱི་འཕྲུལ་བས་ལྟས་ཏེ། སྟེང་དུ་ཕྱག་དང་སྲབ་མོས་གཡོགས་ཤིང་མཆིས་ན། བཅོམ་ལྡན