e-texts navigator
Collection
Volume
Page
Wylie

103b1 བྱང་ཕྱོགས་མཐོའ་ན་ལྷོ་ཕྱོགས་དམའོ།། དབུས་མཐོའ་ན་མཐའ་དམའོ།། མཐའ་མཐོའ་ན་དབུས་དམའོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་གི་གྲོང་ཁྱེར་གི་སྒོ་གཏན་ཡ། ཞབས་གཡས་པ་གསེར་གི་ཁ་དོག་ཅན
103b2 གཞག་མ་ཐག་ཏུ་ལྷ་རྣམས་ལྷའི་ཙན་དན་གི་ཕྱེ་མ་དག། བཅོམ་ལྡན་འདས་ཀྱི་སྐུ་ལ་འཐོར། མདོར་པར་འཐོར། མངོན་པར་རབ་ཏུ་འཐོར་རོ།། ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་ཏ་དང་། པད་མ་དཀར་པོ་དང་།
103b3 ལྷའི་མེ་ཏོག་མན་ད་བ་དག་བཅོམ་ལྡན་འདས་ཀྱི་སྐུ་ལ་འཐོར། མངོན་པར་འཐོར། མངོན་པར་རབ་ཏུ་འཐོར་རོ།། ནམ་མཐའ་ལ་ལྷའི་རོལ་མོའི་སྒྲ་འབྱིནང་ཏོ།། ལྷའི་སིལ་སྙན་གི་སྒྲ་འབྱིནད་ཏོ།། བཅོམ་ལྡན་འདས་ཀྱིས
103b4 རྒྱལ་པོའི་ཞབ་ཀྱི་གྲོང་ཁྱེར་ཆེན་པོའི་སྒོར་སྒོ་གཏན་ལ་ཞབས་གཡས་པ་གསེར་གི་ཕ་དོག་ཅན་གཞག་མ་ཐག་ཏུ་དེའི་ཚེ། ལོང་བ་རྣམ་ས་ནི། མྱིག་ཀྱིས་གཟུགས་མཐོང་བར་གྱུར་པ། འོན་པས་སྒྲ་གོས
103b5 པར་འགྱུར། སྣའི་དབང་པོ་དང་བྲལ་བ་རྣཾས་ནི་སྡེའི་རྣམ་པར་དག་པ་རུ་གྱུར་པ། སྐུགས་པ་རྣམས་ནི་སྨྲ་བར་གྱུར་པ། བརྗེད་བྱེད་ཀྱིས་ཟིན་པ་རྣམས་ནི་བརྗེད་བྱེད་དང་བྲལ་བར་གྱུར་པ། སེམས་ཅན་སྨོས
103b6 པ་རྣམས་ནི་དྲན་པ་རྙེད་པར་གྱུར་པ།། དུག་འཐུངས་པ་རྣམས་ནི་དུག་ལས་སོས་པར་གྱུར་པ། སེམས་ཅན་མཚོན་ཆ་དམ་པོས་བསྡམས་པ་རྣམས་ན་མཚོན་ཆ་ལྷོད་པར་གྱུར་།། སེམས་ཅན་ཕན་ཚུན་དགྲར་འཛིནད་པ
103b7 རྣམས་ནི་བྱམས་པའི་སེམས་སུ་གནས་པར་གྱུར་།། སྲིལ་སྙན་རྣམས་ནི་མ་སྐྱོད་པར་སྒྲ་འབྱིནད་པར་གྱུར་པ།། སྣོད་རྣམས་ནི་མེ་དཀྲོལ་བར་སྨྲ་འབྱིནད་པར་གྱུར་པ། ཁྱུ་མཆོག་ཀྱང་སྒྲ་འབྱིན་། གླང་པོ་ཆེ་ཡང་སྒྲ་འབྱིན།
103b8 རྟ་ཡང་སྒྲ་འབྱིནད། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྒོན་བྱ་གང་དག་གནས་པ་འདི་ལྟ་སྟེ།། ངང་པ་དང་། ཟུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཀུན་ལ་དང་། ཤང་ཤང་ནེའུ
103b9 དེ་དག་ཀྱང་རང་རང་གི་སྒྲ་སྐད་འབྱིནད་ཅིང་།། རྒྱལ་པོའི་ཁབ་ཀྱི་སྒོ་འཁོར་ར་ཡུག་ཏུ་སྐོར་བ་བྱེད་དོ།། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས། སྐྱེས་པ་དང་། བུད་མྱེད་དང་། ཁྱེའུ་དང་། བོ་མོ་བསིལ་ཁང་དང་ཁང་པ་བརྩེག




iiif viewer powered by OpenSeadragon

103a - 104a

Texts on this page

Ng22.35 - 'phags pa dpal sbas zhes bya ba'i mdo