e-texts navigator
Collection
Volume
Page
Wylie

103a1 ཡང་གནོད་སྦྱིན་རྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་བདུན་དུ་བད་དེ།། བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འགྲོའོ།། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ནི་བཅོམ་ལྡན་འདས་ཀྱི་གདུགས་ཐོགས་སོ།། གནོད
103a2 སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། བཅོམ་ལྡན་འདས་ཀ་ལ་བ་དེར་སོང་སྟེ་ཕྱིནང་ནས།། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་ཕྱི་བཞིན་དུ་འགྲོའོ།།
103a3 རོལ་མོ་མཁན་དུ་གཏོགས་པའི་ལྷ་རྣམས་ནི་མདུ་ནད་ནས་འགྲོ་ཞིང་གར་དང་། ཀླུ་དང་རོལ་མོའི་སྒྲ་ཆེན་པོ་བྱེད་དོ།། དེའི་ཚེ་བཅོམ་ལྡན་འདས་ཀྱི་མདུན་ལོགས་སུ་ནི་ཆར་འབབ། ཕྱི་ནས་ནི་ཉི་མ་འཆར། བར་ན་ནི་སྤྲིན་ལྡིང
103a4 ངོ་།། བཅོམ་ལྡན་འདས་གི་ཞབས་གང་དང་གང་གོམ་པ་འདོར་བ་དེ་དང་དེར། བཅོམ་ལྡན་འདས་ཀྱི་སྐུ་ལ་ལྷ་རྣམས་ཙན་དན་གི་བྱེ་མ་དག་འཐོར། མངོན་པར་འཐོར། མངོན་པར་རབ་ཏུ་འཐོར་རོ།། ལྷའི་མེ་ཏོག་ཨུད
103a5 པ་ལ་དང་། པད་མ་དང་། ཀུ་མུ་ཏ་དང་། པད་མ་དཀར་པོ་དང་། ལྷ་འི་མེ་ཏོག་མན་ད་ར་བ་རྣམས། བཅོམ་ལྡན་འདས་ཀྱི་སྐུ་ལ་འཐོར། མངོན་པར་འཐོར། མངོན་པར་རབ་ཏུ་འཐོར་རོ།། དེ་ནས
103a6 བཅོམ་ལྡན་འདས་རྒྱལ་པོ་ཁབ་ཀྱི་གྲོང་ཕྱིར་ཆེན་པོ་ག་ལ་བ་དེར་ག་ཤེགས་པ་དང་། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། ཀང་ཀི་ཚེ་བཅོམ་ལྡན་འདས་གྲོང་ཁྱེར་དུ་འཇུག
103a7 པ་དེའི་ཚེ།། ཆོ་འཕྲུལ་དང་བཅས་པར་འདུག་གོ།། ཆོ་འཕྲུལ་མྱེད་པར་མ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁེབ་ཀྱི་གྲོང་ཁྱེར་ཀ་སྐོར་སྒོ་གཏན་ལ་ཐོག་མ་ཉིད་དུ་ཞབས་གཡས་པ་གསེར་གི་ཁ་དོག་ཞན
103a8 བཞག་སྟེ། བཅོམ་ལྡན་འདས་ཀྱི་ཞབས་གཡས་པ་གསེར་གི་ཁ་དོག་ཅན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྒོར་སྒོ་གཏན་ལ་བཞག་མ་ཐག་ཏུ་དེ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་རབ་ཏུ་གཡོས
103a9 ཀུན་དུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལང་། ཀུན་ཏུ་རབ་ཏུ་འགུལང་ཏོ།། ཤར་ཕྱོགས་མཐོའ་ན་ནུབ་ཕྱོགས་དམའོ།། ནུབ་ཕྱོགས་མཐོའ་ན་ཤར་ཕྱོགས་དམའོ།། ལྕེ་ཕྱོགས་མཐོའ་ན་བྱང་ཕྱོགས་དམའོ།།




iiif viewer powered by OpenSeadragon

102b - 103b

Texts on this page

Ng22.35 - 'phags pa dpal sbas zhes bya ba'i mdo