e-texts navigator
Collection
Volume
Page
Wylie

102b1 བདག་གི་ཆུང་མ་ཤཀ་ཀྱའི་བྲན་གི་བུ་མོ་འདིས་གསང་འཕེལ་དུ་འོང་ཞེས་དེའི་ཐོར་ཏོ་ནས་བཟུང་སྟེ་ཁྱིམ་དུ་བཅུག་ནས་སྒོ་གཏན་བཅུག་གོ། སྒོ་གཏན་བཅུག་ནས་བཅོམ་ལྡན་འདས་ལ་གདུགས་ཚོད་བབ་པ་གསོལ་ཏེ།། ཀྱེ་ཀོའུ་ཏ
102b2 མ་བཤོས་ལགས་ཀྱིས།། གདུགས་ཆོད་ལ་བབ་པོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དཀའ་བོ་ལ་བཀའ་སྩལ་པ།། ཁྱོད་སོང་ལ་བསིལ་ཡབ་ཐོགས་ཏེ།། གནས་ཁང་ནས་གནས་ཁང་དུ་སོང་ལ
102b3 ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སཱ་ལར་ཏེ། ངའི་སྔ་རོལ་ཏུ་དགེ་སློང་ཀ་པ་ཡང་དཔལ་སྦས་ཀྱིས་ཁྱིམ་ཏུ་མ་འཇུག་ཤིག། ཅེས་དོན་དེ་སྐོས་ཤིག། བཅོམ་ལྡན་འདས་དེ་བཞིན་ནོ།། ཞེས
102b4 གསོལང་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་ལྟར་མཉནད་ཏེ།། གསིལ་ཡབ་ཐོགས་ནས་དགེ་སློང་རྣམས་ཀྱི་གན་དུ་སོང་སྟེ།། ཚེ་དང་ལྡན་པ་དག་མོད།། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་སཿལ་ཏོ།།
102b5 ངའི་སྔ་རོལ་ཏུ་དགེ་སློང་གཔ་ཡང་ཁྱིམ་བདག་དཔལ་སྦས་ཀྱིས་ཁྱིམ་དུ་མ་འཇུག་ཤིག་ཅེས་དོན་དེའི་བསྒོའོ།། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ།
102b6 ལྷུང་བཟེད་བསྣམས་ནས་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར།། དགེ་སློང་ཀྱི་དགེ་འདུན་གྱིས་མདུན་དུ་བདར་ཏེ། བྱ་རྒོད་གི་ཕུང་པོའི་རཾ་ལས་བབ་སོ།། དེ་ནས་མྱི་མཇེད་གི་བདག
102b7 པོ་ཚངས་པ། ཚངས་རིས་ཀྱི་ལྷའི་བུ་དུ་མས་ཡོངས་སུ་བསྐོར་ད་ཅིང་མདུན་དུ་བདུར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱི་ནད་པ་དང་།། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ།། བཅོམ་ལྡན་འདས
102b8 ཀྱི་གཡས་རོལ་ནས་འགྲོའོ།། ལྔའི་དབང་པོ་བརྒྱ་བྱིན་ཡང་སུམ་བཅུ་རྩ་གསུམ་གྱི་ལྷའི་བུ་དུ་མས་ཡོངས་སུ་བསྐོར་ཅིང་འདུན་དུ་བདར་ནས།། བཅོམ་ལྡན་འདས་ཀ་ལ་བ་དེར་སོང་སྟེ་བྱིན་ནས། བཅོམ་ལྡན་འདས
102b9 ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ལོ།། བཅོམ་ལྡན་འདས་ཀྱི་གཡོན་རོལ་ནས་འགྲོའོ།། རྒྱལ་པོ་ཆེན་པོ་བཞི་པོ།། རྒྱལ་པོ་གནས་སྲུབ་པོ་དང་། འཕགས་སྐྱེས་པོ་དང་། གྱིག་ཀྱི་བཟང་དང་། ནམ་ཐོས་ཀྱི་དུ།




iiif viewer powered by OpenSeadragon

102a - 103a

Texts on this page

Ng22.35 - 'phags pa dpal sbas zhes bya ba'i mdo