e-texts navigator
Collection
Volume
Page
Wylie

102a1 བའི་བཤེས་གཉེན་དང་སྟེན་པའི་དབང་གྱིས་ང་ལ་རྣམ་པ་འདི་ལྟ་བུ་བྱ་བར་འདོད་ལ། དེ་རིང་པོ་མྱི་ཐོགས་པར་ཕྱིས་ཆོས་འདུལ་བ་འདི་ལ་རྣམ་པར་དག་པའི་ཆོས་ཅན་དུ་འགྱུར་རོ་སྙམ་སྟེ། དེ་ལྟར་མཁྱེན
102a2 ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔལ་སྦས་ལ་ཅང་མྱི་གསུང་བར་གནང་ངོ་།། དེ་ནས་ཁྱིམ་བདག་དཔལ་སྦས་ཀྱིས་བཅོམ་ལྡན་འདས་ཀྱིས་ཅད་ཀྱི་གསུང་བས་གནང་བར་རིག་ནས་ལག་པ་བསྐུར་ཏེ་འཛུག་མོ་སྦེང་ནག་འདི
102a3 སྙམ་དུ་སེམས་ཏེ། འདི་ལྟར་བདག་ཀྱི་སེམས་ཀྱང་སེམས་ཀྱིས་མྱི་ཤེས་ན། ཐམས་ཅད་ཤེས་པ་ལྟ་སྨོས་ཀྱང་ཅི་དགོངས་ཏེ།། དགེ་སློང་ཀོའུ་ཏ་མས་ཐམས་ཅད་མཁྱེནད་པའི་ང་རྒྱལ་གྱིས་འཇིག་རྟེན་འདི་དག་ཐམས་ཅད་བསླུས
102a4 སྙམ་མོ།། དེ་ནས་ཕྱིམ་བདག་དཔལ་སྦས་ཀྱིས་བཅོམ་ལྡན་འདས་དེ་ལ་ལན་གསུམ་བསྐོར་བ་བྱས་ཏེ།། བཅོམ་ལྡན་འདས་ཀྱིས་ཀན་ནས་སོང་ནས་རང་གི་ཁྱིམ་ཀ་ལ་བ་དེར་སོང་སྟེ་ཕྱིནད་པ་དང་།། ཕྱི་སྒོའི།
102a5 སྒོ་གང་དུ་དོང་ཆེན་པོ་རྐོར་བཅུག་སྟེ།། བསྐོས་ནས་མེ་མྱི་འབར་ཞིང་དུ་བ་མྱི་འཐུལ་བས་བཀང་སྟེ།། སྟེང་དུ་ཕྱག་དར་སྲབ་མོས་གཡོ་ཀས་སོ།། ཁྱིམ་གི་ནང་དུ་ཡང་ཟས་དུག་ཅན་སྦྱོར་དུ་བཅུག་ཀོ།། དེའི
102a6 ཚེ་ཁྱིམ་བདག་དཔལ་སྲས་ཀྱིས། ཁྱིམ་བདག་འགོན་མྱེད་ཟས་སྦྱིན་ཀི་བུ་མོ་ཆུང་མར་བླངས་པར་གྱུར་ད་ཏེ།། ཁྱིམ་བདག་དཔལ་སྲས་ཀྱི་ཆུང་མས་ཁྱིམ་བདག་དཔལ་ལས་ནཾ་པ་འདི་ལྟ་བུ་བྱེད་པར་མཐོང་ངོ་།། མཐོང་ནས་ཀྱང་ཁྱིམ
102a7 བདག་དཔལ་སྦས་ཀྱི་འདི་སྐད་ཅེས་སྨྲས་སོ།། ཇོ་བོ་ལ་དགྲ་སུ་ཞིག་མཆིས་ན་དེ་དགུམ་པའི་སླད་དུ་དེ་ལྟར་བརྩོན་པར་མཛད་དོ།། དེས་སྤྲས་པ། དྲ་བའི་བུ་མོ་ཤེས་པར་གྱིས་ཤིཀ། དགེ་སྦྱོང་ཀོའུ་ཏ་མ་མཆོད་ཀྱིས་གཞོན་པ
102a8 ཀསར་དུ་རབ་ཏུ་བྱུང་བ་དེ་ཐམས་ཅད་མཁྱེན་པའི་ང་རྒྱལ་བན་དེ་ཐམས་ཅན་མཁྱེན་པའི་བ་རྒྱལ་དེས། འཇིག་རྟེན་འདི་ཐམས་ཅད་བསླུས་ཀྱིས་དེ་བསད་པའི་ཕྱིར་འདི་ལྟར་བརྩོན་པར་བྱེད་དོ།། དེས་སྨྲས་པ་ཇོ་བོ་བཅོམ་ལྡན་འད
102a9 དེ་དཀྲོངས་པར་ཁྱོད་ཀྱིས་ཀྱི་ཁྱོད་ཀྱིས་སྐྱོ་བར་གྱུར་ར་ཏ་རེ།། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སླད་དུའོ།། དེ་ནས་ཁྱིམ་བདག་དཔལ་སྲས་འདི་སྙམ་དུ་མོས་ཏེ།




iiif viewer powered by OpenSeadragon

101b - 102b

Texts on this page

Ng22.35 - 'phags pa dpal sbas zhes bya ba'i mdo