e-texts navigator
Collection
Volume
Page
Wylie

100b1 དྲི་ཟ་རྣམས་དང་།། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྟི་བསྟང་དུ་བྱས།། བླ་མར་བྱས། རིམ་འགྲོར་བྱས་ཏེ།། མཆོད་པ་རྣམས་བཅོམ་ལྡན་འདས།
100b2 ཀྱིས་ལྷ་དང་། མྱི་ལི་ན་བཟའ་དང་།། ཞལ་ཟས་དང་། གཟིམས་ཆ་དང་། སྟུད་ཀྱི་གསོས་སྨན་དང་།། ཡོ་བྱད་བཟང་པོ་མང་པོ་བརྙེས་ལ།། པད་མ་ལ་ཆུ་མྱི་ཆགས་པ་བཞིན་དུ་དེ་དག་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གྱི
100b3 གོས་ཏེ།། འདི་སྐམ་བཅོམ་ལྡན་འདས་དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ།། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འཅུ
100b4 བའི་ཁ་ལོ་སྒྱུར་བ།། བླ་ན་མྱེད་པ།། ལྷ་དང་ཀྱི་རྣམས་ཀྱི་བསྟོན། པ།། སངས་རྒྱས་བཅོམ་ལྡན་འདས་ཤེས་བྱ་བར་བཅོམ་ལྡན་འདས་ཀྱིས་བརྗོད་པ་དང་།། སྒྲ་དང་ཚིགས་སུ་བཅད་པ།། དགེ་བ་འདི་ལྟ་བུ
100b5 འདི་མངོན་པར་འཕགས་པར་གྱུར་ཏོ།། དེས་ལྔ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས། པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་།། ལྷ་དང་ཀྱི
100b6 བཅས་པའི་སྐྱེ་དགུ་རང་གི་མངོན་པར་མཁྱེནད་པས་མངོན་དུ་མཛད་དཾ།། རྫོགས་པར་མཛད་ནས་མཁྱེན་ཏོ།། དེ་ཆོས་ཀྱང་བསྟོད་དེ། ཚངས་པར་སྤྱོད་པ།། ཐོག་མར་དགེ་བ། བར་བྱ་དགེ་བ། ཐ་མ་ང
100b7 བ། དོན་པའང་པོ།། ཚིག་འབྲུ་བཟང་པོ།། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡང་དག་པར་སྟོདང་ཏོ།། དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ།། ཁྱིམ་བདག་དཔལ་སྦས་ཞེས་བྱ་བ་ཕྱག
100b8 ནོར་མེ་བ། ལོངས་སྤྱོད་ཆེ་བ། བདག་དབང་བ་ཡང་ལ། ནོར་དང་ཡོ་བྱད་མང་བ། ནོར་དང་འབྲུ་དང་། འཚོག་ཆས་དང་། ནོར་བུ་དང་། མུ་ཏིག་དང་། བྱེ་རུ་རྱ་དང་། དུང་དང་། མན་ཤེས་དང་། བྱི་མུ་དང་། གདུས་པ།
100b9 ས་ལེ་སྦྲམ་ནང་བ།། གླང་པོ་ཆེ་དང་། རྟ་པོ་རྒོད་དང་། བ་ལང་མང་བ། བྲན་པོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཤོ་ཤས་འཚོ་བ་དང་། བར་མཛོད་གང་བ་མང་པོ་དང་ལྡན་པ་ཞིག་གནས་ཏེ།། ཁྱིམ




iiif viewer powered by OpenSeadragon

100a - 101a

Texts on this page

Ng22.35 - 'phags pa dpal sbas zhes bya ba'i mdo