e-texts navigator
Collection
Volume
Page
Wylie

251a1 གང་བརྗོད་པ།། དེས་དེ་ནི་ཡོད་མ་ཡིན།། འདི་ནི་ཆོས་རྣམས་ཆོས་ཉིད་དོ།། མྱིང་ནི་མྱིང་ཉིད་སྟོང་པ་ཉིད།། མྱིང་ནི་མྱིང་གིས་ཡོད་མ་ཡིན།། མྱིང་མྱེད་པའི་ཆོས་རྣམས་ཀུན།། མྱིང་གིས་ཡོངས་སུ་བརྗོད
251a2 པ་བྱས།། ཆོས་རྣམས་འདི་དག་ཡོད་མྱིན་ཏེ།། རྟོག་པ་ལས་ནི་ཀུན་ཏུ་འབྱུང་།། གང་གིས་སྟོང་པར་རྣམ་རྟོག་པ།། རྟོག་པ་དེ་ཡང་འདི་ན་མྱེད།། མྱིག་གིས་གཟུགས་ནི་མཐོང་ངོ་ཞེས།། ཡང་དག་གཟིགས་པས་གང་གསུངས་པ།། །
251a3 འཇིག་རྟེན་ལོག་པའི་ངང་ཅན་ལ།། ཀུན་རྫོབ་བདེན་པ་དེ་གསུངས་སོ།། ཚོགས་ནས་མཐོང་ཞེས་གང་དག་ཏུ།། འདྲེནད་པས་རབ་ཏུ་བསྟནད་མཛད་པ།། དེ་ནི་དོན་དམ་གདགས་པའི་སར།། བློ་དང་ལྡན་པས་བཀའ་སྩལ
251a4 ཏོ།། མྱིག་གིས་གཟུགས་རྣོ་མྱི་མཐོང་ཞིང་།། ཡིད་ཀྱིས་ཆོས་རྣམས་མྱི་རི་ག་གི།། དེ་ནི་བདེན་པ་མཆོག་ཡིན་ཏེ།། དེ་ལ་འཇིག་རྟེན་མྱི་དཔོགས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩ་ལ་ནས། ཡུལ་མ་ག
251a5 ཏའི་རྒྱལ་པོ་བཟོའ་དབྱངས་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་དེ། ངག་དང་།། དགེ་སློང་དེ་དག་དང་། ལྷ་དང་མྱི་དང་། ལྷ་མོ་ཡིན་དང་།། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་སྟེ། བཅོམ་ལྡན་འདས་ཀྱིས
251a6 གསུངས་པ་ལ་མངོན་པར་སྟོད་ཏོ།། འཕགས་པའི་སྲིད་པ་འཕོ་བཞི་ས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སྷོ།། ། རྒྱ་ཀར་གྱི་མཁན་པོ་འཛིན་མྱི་ཏྲ་དང་། ད་ན་ཤི་ལ་དང་། ཞུ་ཆེན་གི་ལོ་ཚ་བ
251a7 བར་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ཀར་མ་པྲད་ཉ་བོ་ཏཾ། ལས་ཀྱི་ཚུལ་བཤད་པ།། དཀོན་མཆོག་ལ་སུམ་ལ་ཕྱག་འཚལ་ལོ།། སྡོམ་ནི། ཆེད་དུ་བྱས་དང་སེམས
251a8 པ་དང་།། འདས་པ་དང་ནི་དགེ་བ་དང་།། དམྱིགས་པ་དང་ནི་འདོད་པའི་ཁམས།། ཚིགས་སུ་བཅད་དང་ལས་བསྡུ་བ།། འདི་དག་བདག་གིས་ཐོས་པ་དུས་ཅིག་ན།། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད
251a9 ཀྱི་འཆལ། མགོན་བྱེད་ཟས་བྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།། དགེ་སློང་དག། ང་ནི་ཆེད་དུ་བྱས་ཤིང་བསམས་པའི་རྣམ་པར་སྦྱིནད་པ་ཉམས




iiif viewer powered by OpenSeadragon

250b - 251b

Texts on this page

Ng19.6 - 'phags pa srid pa 'pho ba zhes bya ba theg pa chen po'i mdo
Ng19.7 - las gdags pa