| e-texts navigator |
| Wylie |
179a1 གྱུར་ད་ཅེས་བྱ་བ་ནས། སཱ་མ་བཞིན་ཏུ་རྒྱས་པར་སྦྱར་རོ།། ཀུན་དགལ་བོ་བྱང་ཀི་ཨཱ་མྱི་སྤྱན་གྱི་གླི་ཆུ་ཞེབ་དུ་དཔག་ཚད་ཁྲི་ཡོད་པ། རྒྱུན་ཏུ་ཞུགས་པ་རྣམས་ཀྱིས་གང་བར་གྱུར་དུ་ཅེས་བྱ་བ་ནས། སྔ་མ་བཞིན་དུ་རྒྱས་པར་སྦྱོར།
179a2 ཀུན་དགའ་བོ་ལྔའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱས་པ་ཞེས་བྱ་བ། ཀ་བ་བརྒྱད་ཁྲི་བའི་སོང་རབ་ཏུ་བཏུན་པ་དག་ཡོད་དེ། ཀ་བ་དེ་དག་ཐམས་ཅད་ཀྱང་ལྷའི་བེཅུ་རྩ་སྟོན་པ་ནོ།། ཀུན་དཀའ་བོ་ཁང་བའངས་རྣམ་པར་རྒྱལ་ར
179a3 གསེར་གི་བྱེ་མ་བདལ་བ་ལ་ཅན་དན་ཀྱི་ཆུས་ཅག་ཆག་བཏབ་པ། གསེར་གི་རླ་བས་གཡོགས་ཤིང་། གསེར་གྱི་དྲིལ་བུ་གསེམགས་བསྐོརས་པ་སྟེ། ཀུན་དགའ་བོ་གང་ཞིག་སྟོང་གསུམ་ཀྱི་སྟོང་ཅན་པོའི་འཇིག་རྟེན་གྱི་ཁས་ཁང་པའདས་དེ་ལྟ་བུག
179a4 སྟག་གིས་བཀང་སྟེ།། ཕྱོགས་བཞིའི་དགེ་སློང་ཀྱི་དགེ་འདུན་ལ་འབུལ་བར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འད་ས་པའི་སྐུ་གདུང་ཡུངས་འབྲུ་ཙམ་ཞེས་བྱ་བ་ནས།། རྒྱ་ཆེར་སྔ་མ་བཞིན
179a5 སྦྱར་རོ།། ཀུན་དགའ་བོ་ལུས་འཕགས་པོའི་བུ་ཡུལ་མ་ག་དཱའི་རྒྱལ་པོ་མ་སྐྱེས་དགྲས། ཕ་རྒྱུ་ནད་ཏུ་ཞུགས་པ་བསད་ནས། དེ་དེ་བཞིན་པ། ཤེགས་པའི་སྐུ་གཅུང་ལ་མཆོད་པ་བྱ་བའི་ཕྱིར།། སྐུ་གདུང་གི་བརྒྱད་ཆལ
179a6 བཀུར་སྟིར་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བ་དང་། བརྗེད་པར་བྱ་བ་དང་། གསོལྡ་པར་བྱ་བ་ལ་བརྩོན་པར་འགྱུར་རོ་ཞེས། སངས་རྒྱས་ཀྱིས་བསྔགས་པའི་དགེ་བའི་ལས་དེ་དེས་བྱས་པས། སེམས
179a7 ཅན་དམྱལ་བར་ལན་ཅིག་སོར་ནས་ལས་དེ་ཉིད་དང་། དགེ་བའི་རྩ་བ་དེ་ཉིད་དང་། སྔོན་ལེགས་པར་སྤྱད་པ་དེ་ཉིད་ཀྱིས།། དེ་ནས་ཐར་ནས་བསྐལ་པ་ཉི་ཤུར་ལོག་པར་ལྟུང་བར་མྱི་འགྱུར་ས།། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིས
179a8 བགོས་ཏེ། ཡང་དག་པར་ཁྱིམ་ནས་ཁྱིམ་མྱེད་པར་རབ་ཏུ་བྱུང་ནས། རང་བྱང་ཆུབ་མངོན་ཏུ་བྱེད་པར་འགྱུར་ཏེ། རང་སངས་རྒྱས་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བར་གྱུར་ཏོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ
179a9 བ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། དཔག་ཏུ་མྱེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མྱེད་པ་དང་། ཏིང་ངེ་འཛིན་དཔག་ཏུ་མྱེད་པ་དང་། ཤེས་རབ་དཔག་ཏུ་མྱེད་པ་དང་། རྣམ་པར