e-texts navigator
Collection
Volume
Page
Wylie

178b1 ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མྱི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་ཀྱིས་འདི་ལྟ་སྟེ། འབྲས་ས་ལུའི་ཞིང་ངམ། ཏིལ་ཀི་ཞིང་ངམ། སྨྱིག་མའི་ཚལ་ལམ། འདམ་བུའི་ཚལ་ལ།
178b2 བུ་རམ་ཤིང་གི་ཚལ་བཞིན་དུ་གང་བར་གྱུར་པ་དེ་དག་ལ་མྱི་ལ་ལ་ཞིག་གིས་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་གསོས་སྤར་དང་། ཡོ་བྱད་རྣམས་ཀྱིས་ནི་འདོད་པ་བསྟབས་ཏེ། དེ་དག
178b3 ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་མཆོད་རྟེན་བྱས་ཏེ། གདུགས་དང་། སིལ་སྙན་དང་། བ་དན་དང་། དྲི་དང་། གཏུག་པ་དང་། འཕྲེང་བ་དང་། ཕྱེ་མ་དང་། བྱུག་པ་དག་གིས་མཆོད་པ་བྱེད་ལ། ཀང་ཞིག་གས
178b4 དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྐུལ་སུངས་འབྲུ་ཙམ། མཆོད་རྟེན་གྱི་བུམ་པ་སྥུ་རུ་ར་ཙམ་གྱི་ནང་ཏུ་བཅུག་སྟེ། སྲོག་ཤིང་ཁ་བ་ནམ་བཙུགས་ནས། གདུགས་རྒྱ་བུག་གི་ལོ
178b5 མ་ཙམ་འདོགས་པར་བྱེད་པ་འམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན། ཀུན་དགའ་བོ་བསོད་ནམས་སྔ་མ་དེས། བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོ།། སྟོང་གི་ཆ་དང་།
178b6 འབུམ་གི་ཆ་དང་། གྲངས་དང་། ཆ་དང་། དཔེ་དང་། རྒྱུར་ཡང་ཉེ་པར་མྱི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོ་མ་པ་ཡང་དག་པར་རྫོགས་པར་སངས་རྒྱས་རྣམས་ནི། དཔག་ཏུ
178b7 མྱེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མྱེད་པ་དང་། ཏིང་ངེ་འཛིནད་དཔག་ཏུ་མྱེད་པ་དང་། ཤེས་རབ་དཔག་ཏུ་མྱེད་པ་དང་། རྣམ་པར་གྲོལ་བ་དཔག་ཏུ་མྱེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས
178b8 དཔག་ཏུ་མྱེད་པ་དང་ལྡན་པའི་ཕྱིར་རོ།། ཀུན་དགའ་བོ་ཤ་རད་ཀྱི་ལུས་འཕགས་གླིང་ཏུ་ཞེང་དང་། རྒྱར་དཔག་ཚད་བརྒྱད་སྤྱོད་ཡོད་པ། རྒྱུ་ནད་ཏུ་ཞུགས་པ་རྣམས་ཀྱིས་གང་བར་གྱུར་ཅེས་བྱ་བ་ནས། རྣམ་པར་གྲོས།
178b9 པའི་ཡེ་ཤེས་གཟིགས་པ་ཞེས་བྱ་བའི་བར་དུ་རྒྱ་ཆེར་སྔ་མ་བཞིན་དུ་བརྗོད་པར་བྱའོ།། ཀུན་དགའ་བོ་ནུབ་ཀྱི་བ་ངལ་སྤྱོད་ཀྱི་གླིང་ཆུ་ཞེང་དང་། རྒྱར་དཔག་ཚད་དགུ་སྟོང་ཡོད་པ། རྒྱུ་ནད་ཏུ་ཞུགས་པ་རྣམས་ཀྱིས་གང་པར




iiif viewer powered by OpenSeadragon

178a - 179a

Texts on this page

Ng19.4 - 'phags pa sgra chen po zhes bya ba theg pa chen po'i mdo