e-texts navigator
Collection
Volume
Page
Wylie

178a1 ཧ~ཾ། དེ་སྐད་ཅེས་གསོལྡ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལང་ཏོ།། ཀུན་དགའ་བོ་ལེགས་སོ།། ལེགས་སོ།། ཀུན་དགའ་བོ།། ཁྱོད་གང་ཞིག་གིས་ཁང་པ
178a2 བརྩེགས་པ་དེ་ལྟ་བུ་ཞིག་བྱས་ཏེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ།། ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་བཅུ
178a3 རུ་མ་ནཔ་གྱི་ནང་དུ་བཅུག་སྟེ། སྲོག་ཀ་ཁབ་ཙམ་བཅུགས་ནས། གནགས་རྒྱ་ཐུག་གི་ལོ་མ་ཙམ་འདོགས་པར་བྱེད་པ་འམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་ཀང་ཙམ་ཞིག་བྱེད་ན། དེ་གཉིས་ལས་གང་བསོད་ནམ་མ་ཛེས
178a4 མང་དུ་འཕེལ་ཞེས་བྱ་བ་ནི། ཁྱོད་ཀྱི་ཞུ་བ་བཟང་ལ་སྤོབས་པ་ལེག། ས་ཏེ། དཔྱོད་པ་དགེའོ།། ཀུན་དགའ་བོ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་རས་བཤད་དོ།། ཀུན་དགའ་བོ་གང་ཞིག
178a5 ཁང་པ་བརྩེགས་པ་དེ་ལྟ་བུ་ཞིག་བྱས་ནས། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་ལ། གང་གིས་དེ་བཞིན་གཤེག། ས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ
178a6 མཆོད་རྟེན་གྱི་བུམ་པ་སྥུ་རུར་ཙམ་གྱི་ནང་ཅུ་བཅུག་སྟེ། སྲོག་ཞིང་ཁ་བ་ཙམ་བཙུགས་ནས་གཟུགས་རྒྱ་ཤུག་ཀི་ལོ་མ་ཙམ་འདོགས་པར་བྱེད་པ་འམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེདན
178a7 ཀུན་དགའ་བོ་བསོད་ནམས་འདི་ལ་བསོད་ནམས་སྔ་མ་དེས། བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོ།། སྟོང་གི་ཆ་དང་། འབུམ་གི་ཆ་དང་། གྲངས་དང་ཆ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མྱི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན
178a8 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། དཔག་ཏུ་མྱེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མྱེད་པ་དང་། ཏིང་ངེ་འཛིན་དཔག་ཏུ་མྱེད་པ་དང་། ཤེས་རབ་དཔན
178a9 xxx




iiif viewer powered by OpenSeadragon

177b - 178b

Texts on this page

Ng19.4 - 'phags pa sgra chen po zhes bya ba theg pa chen po'i mdo