| e-texts navigator |
| Wylie |
177b1 སར་ཞུར་བཅད་པ་ཞིག་མཐོང་ངོ་།། མཐོང་ནས་ཀྱང་འདི་སྙམ་ཏུ་སེམས་ཏེ། གང་ཞིག་གིས་ཁང་བ་བརྩེགས་པ་འདི་ལྟ་བུ་ཞིག་བྱས་ཏེ། ཕྱོགས་བཞིའི་དགེ་སློང་གི་དགེ། འདུན་ལ་འབུལ་བར་བྱེད་པ་དང་། གང་ཞིག་གིས་དེ་བནྡེ
177b2 གཤེགས་པ་ཡོངས་སུ་མྱ་ངན་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུ་བ་སྤུ་མུ་མ་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་གཅུགས་ནས། གདུགས་རྒྱ་ཤུག་ཀི་ལོ་མ་ཙམ་འདོགས་པར་བྱེད་པ་འམ། དེ་བཞིན
177b3 གཤེགས་པའི་སྐུ་གཟུགས་ཚོན་གར་བཙམ་ཞིག་བྱེད་ན། དེ་གཉིས་ལས་གང་བསོད་ནམས་ཆེས་མ་དུ་འཕེལ་སྙམ་མོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་མཉམ་ཡོད་ནས། བསོད་སྙོམས་ལས་སླར་འཁོར་ནས། ཟན་ཟོས
177b4 ཏེ་ཟས་ཕྱི་མ་སྤངས་ནས། ལྷུང་བཟེད་དང་། ཆོས་གོས་བཞག་སྟེརྐང་པ་བཀྲུས་ནས། བཅོམ་ལྡན་འདས་ཀང་ན་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག
177b5 ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལེ་ཙྪ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདི་ན་བདག་སྔ་རློགམ་ཐབས་དང་། ཆོས་གོས་བགོས་ཏེ། ལྡུམ་བཟེད་སོགས
177b6 ནས་མཉན་ཡོད་དུ་བསོད་སྙོམས་ལ་མཆིས་ཏེ། བཙུན་པ་བདག་མཉན་ཡོད་དུ་བསོད་སྙོམས་ལ་མཆི་བ་ན། ཁང་པ་བརྩེགས་པ་ཆེན་པོ་བྱ་ནང་བྱུག་ས་ཤིང་བྱི་དོར་བགྱིས་པ།། སྒོ་གཏན་ལེགས་པར་སྩལ་བ། སྐར
177b7 ཁུང་བཀུམ་པ་ཞིག་མཐོང་ལགས་སོ།། མཐོང་ནས་ཀྱང་བདག་ཉིད་འདི་སྙམ་དུ་སེམས་ཏེ། གང་ཞིག་གིས་ཁང་པ་བརྩེགས་པ་འདི་ལྟ་བུ་ཞིག་བགྱིས་ཏེ།། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བགྱིད་པ་དང་།
177b8 གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་སྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྥུ་རུ་ར་ཙམ་གྱིས་ནད་ཏུ་སྦལ་ཏེ། སྲོག་ཤིང་ཁབ་ཙམ་བཙུགས་ནས། གཏུགས་རྒྱ་ཤུག་ཀི་ལོ་མ་ཙམ་འདོགས
177b9 པར་བགྱིད་པ་འམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བགྱིད་ན། དེ་གཉིས་ལས་གང་བསོད་ནམས་ཆེས་མང་དུ་འཕེལ་སྙམ་བགྱིད་ལགས་ཏེ། བཅོམ་ལྡན་འདས་ལ་བདག་དོན་འདི་ཡོངས་སུ་ཞུ་ལགསོ