| e-texts navigator |
| Wylie |
176b1 དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང
176b2 ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དཀ་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། སངས་རྒྱས་བཅོམ་ལྡན་འདས་ལ་རྣམས་ཆོས་ཀྱི་འཁོར་ལོ་སྐོར་བ་དག་ངས་མཐོང་ངོ་།། དེ་བས་ཀྱང
176b3 ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་དག་ངས་མཐོང་སྟེ།། དེ་དག་ཐམས་ཅད་ཀྱང་མཚན་འཐུན་པ་དང་། གདུང་འཐུན་པ་ཤ་སྟག།
176b4 ཡིན། འཇིག་རྟེན་གྱི་ཁམས་གང་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མངོན་པར་འབྱུང་བ་དང་། བྱང་ཆུབ་ཀྱི་ས་ང་པོར་འགྲོ་བ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་ལྟ་བ་དང་། བྱང་ཆུབ་ཀྱི
176b5 སྙིང་པོ་ལ་སྐོར་བ་བྱེད་པ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་ད། ད་བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་པ་དང་། མངོན་པར་རྫོགས་པརསངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་སྐོར་བ་དང་། ཡོངས་སུ་མྱ
176b6 ངན་ལས་འདས་པ་ཆེན་པོ་སྟོན་ཐ་དད་པ་དག་ལྟ་ཅི་སྨོས་ཏེ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དཀའ་བོས་འདི་སྐད་ཅེས་ཀ་སོལ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་གང་དག་ཏུ
176b7 སངས་རྒྱས་བཅོམ་ལྡན་འདས་རྣམས་མྱི་འབྱུང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་མྱི་སྤྱོད་པ་ལ་འཇིག་རྟེན་གི་ཁམས་ཇི་སྙེད་དུ་མཆིས་ལགས།། བཅོམ་ལྡན་འདས་ཀྱིས་བཀའ
176b8 སྐུ་ལད་པ། ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་ངས་བསྟནད་པ་གང་དག་བཅོམ་ལྡན་འདས་རྣམས་འབྱུང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་གང་ཡིན་པ་དེ་དག་ནི། ཀུན་དག།
176b9 བོ་དཔེར་ན་རྒྱ་མཚོ་ཆེན་པོའི་བྱེ་མ་དང་། ཀང་ཀའི་ཀླུང་ཀྱི་བྱེ་མའི་ནང་ན་གསེར་གྱི་བྱེ་མ་དཀོན་པ་དང་འདྲེ་སྟེ། ཀུན་དགའ་བོ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་གང་དག་ཏུ། སངས་རྒྱས་བཅོམ་ལྡན་འདས་རྣམས་འབྲུང