| e-texts navigator |
| Wylie |
176a1 རྣམས་དགའ་ལྡན་གྱི་ལྷའི་རིས་དག་མ་འཁོད་པ་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་དཀའ་ལྡན་གྱི་ལྷའི་རིས་དག་ནས་འཆི་འཕོབ
176a2 དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་མའི་མངལ་ཏུ་འཇུག་པ་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ
176a3 སེམས་དཔའ་རྣམས་མའི་མངའ་ནས་འབྱུང་བ་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་བྱས་པ་མེད་མོ་སྟོན་པ་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མར
176a4 བའི་འཇིག་རྟེན་གི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་རྒྱལ་སྲིད་སྤངས་ནས། རབ་ཏུ་བྱུང་བ་དག་ངས་མཐོང་ངོ་།། དེ་བས་ཀྱི་ང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས
176a5 དཔའ་རྣམས་དཀའ་བ་སྤྱོད་པའི་སྦྱོར་བ་སྟོན་པ་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་ས།། མས་དཔའ་རྣམས་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་ངས་མཐོང་ངོ་།།
176a6 དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་སྙིང་པོ་ལ་ལྟ་བ་དག་ངས་མཐོང་ངོ་།། དེ་བས་ཀྱངཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔོ
176a7 རྣམས་བྱང་ཆུབ་ཀྱི་སྙིང་པོ་ལ་ལྟ་བ་དག་ངས་མཐོང་ངོ་རོ།། དེ་བས་ཀྱང་ཆེས་མེང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་སྙིང་པོ་ལ་གཅེས་པར་བྱེད་པའི་མཆོག་དང་། གུས་བྱ་རྐྱེནྡ་པོས
176a8 ལན་གསུམ་བསྐོར་བ་བྱེད་པ་དག་དྲས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མངོ་བའི་འཇིག
176a9 རྟེན་ཀི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་པ་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མྱེད་པ་ཡང