| e-texts navigator |
| Wylie |
175b1 སྟོན་ཅིང་དོན་ཀྱང་གོ་བར་བྱེད་དོ།། གནས་བརྟན་ཤ་ར་དྭ་ཏིའི་བུ་ཚིག་གཅིག་སྨྲ་བའི་ཡུན་ཇི་ཙམ་པ་དེའི་བར་སྐབས་སུ། རང་སངས་རྒྱས་ཆོས་བསྟན་པ་རྣམ་པ་གྲངས་མྱེད་པ་སྟོན་ཏོ།། རང་སངས་རྒྱས་ཚིག་གཅིག་སྨྲ་བའི
175b2 ཡུན་ཇི་ཙམ་པ་དེའི་བར་སྐབས་སུ། བྱང་ཆུབ་སེམས་དཔའ་ཆོས་བསྟན་པ་རྣམས་པ་གྲངས་མྱེད་བསམ་གྱིས་མྱི་ཁྱབ། བརྗོད་དུ་མྱེད་པ་སྟོན་ཅིང་དོན་ཀྱང་གོ་བར་བྱེད་དོ།། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཚིག་གཅིག
175b3 སྨྲ་བའི་ཡུན་ཇི་ཙམ་པ་དེའི་བར་སྐབས་སུ། ཀུན་དགའ་བོ་གནས་བརྟན་མོའུ་དགལ་གྱི་བུ་ཆེན་པོ་འཇིག་རྟེན་གྱི་ཁམས་བརྒྱད་ཁྲི་འདའོ།། ཀུན་དཀའ་བོ་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པ་དེ་ལྟ་བུའི་འགྲོས་ཀྱིས། ཉིན་མཚན
175b4 བདུན་གྱི་བར་དུ་ངལ་མྱི་བསོ་བར། ཤར་ཕྱོགས་སུ་འཇིག་རྟེན་ཀྱི་ཁམས་ཇི་སྙེད་དུ་འགྲོ་བ་དང་། དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། དེ་བཞིན་དུ་ཤར་ལྷོའི་མཚམས་དང་།
175b5 ལྷོ་ནུབ་ཀྱི་མཚམས་དང་། ནུབ་བྱང་གི་མཚམས་དང་། བྱ་ནར་གྱི་མཚམས་དང་། དེ་བཞིན་དུ་སྟེང་དང་། འོག་གི་ཕྱོགས་སུ་ཉན་མཚན་བཙུན་གྱི་བར་དྷ་ངལ་མྱི་བསོ་བར་སོང་ལ།། དེ་ནས་མྱི
175b6 ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅ་དར་བས་བསྐོར་ཏེ། ར་བས་བསྐོར་ནས་རྡོ་དང་། གསེག་མ་དང་། གྱོ་མོ་དང་། གྱོ་ཏུམ་མྱེད་པར་བྱས་ཏེ། མཐོན་དམན་མྱེད་པར་བྱས
175b7 ནས། གྲོང་ཁྱེར་གཅིག་ཏུ་བྱས་ལ། གྲོང་ཁྱེར་གཅིག་ཏུ་བྱས་ནས་ཀྱང་ཡུངས་འབྲུས་བཀང་སྟེ། བྱར་བུར་བྱས་ན། ཀུན་དགའ་བོ་གྲོང་ཁྱེར་དེའི་ནང་གི་ཡུངས་འབྲུ་ཇི་སྙེད་ཡོད་པ་དེ་དག་པས་ཀྱང་ཆེས་མང་བའི་འཇིག་རྟེན
175b8 ཀྱི་ཁམས་དག་ན། སེམས་ཅན་བྱང་ཆུབ་ལ་ཞུགས་པ་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དག་ངས་མཐོང་ན།
175b9 དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་རྣམས་དགའ་ལྡན་གྱི་ལྷའི་རིས་དག་ཏུ་སྐྱེ་བ་དག་ངས་མཐོང་ངོ་།། དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན། བྱང་ཆུབ་སེམས་དཔ