| e-texts navigator |
| Wylie |
175a1 མུའོ། གསུམ་ཏུ་ཐོ་སན། ཡང་དག་པར་འཛིན་པར་འགྱུར་ལགས་དེ་ག་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན
175a2 དགའ་བོ་ཁྱོད་ཀྱིས་མོའུ་འགལ་གྱི་བུ་ཆེན་པོ་རྫུ་འཕྲུལ་ཇི་ལྟར་བུས་ཕྱོགས་དང་ཕྱོགས་མཚམས་དག་ཏུ་འགྲོ་བ་ཤེས་སམ་ཀུན་དགའ་བོས་གསོལ་པ། མོའུ་འགལ་ག་བུ་ཆེན་པོ་རྫུ་འཕྲུལ་ཇི་ལྟ་བུས་ཕྱོགས་དང་ཕྱོགས་མཚམས
175a3 དག་ཏུ་མཆི་ག། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། བདེ་བར་གཤེགས་པས་བསྟན་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལ་པ། ཀུན་དཀའ་བོ་ཁྱེད་ལ་དོན་འདི་དེ་པས་བསྟན་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན།
175a4 ཀུན་དགའ་བོ་སྐྱེས་བུ་མཁས་པ་གང་དག་དཔེས་དོར་རྟོགས་པར་འགྱུརར་བ་ཡོད་པར་ཕྱིར་རོ།། ཀུན་དགའ་བོ་དཔེར་ན་རྫིང་དཔག་ཚད་བརྒྱད་སྟོང་པ་ཆུས་གང་པ།། བྱ་ཁྭས་བཏུང་ཏུ་རུང་བར་མུ་དང་ཁ་ད་ཆད་དུ
175a5 འདུག་པ། པད་མའི་ལོ་མས་ཁེབས་པ་ཞིག་ཡོད་ལ། དེ་ནས་རྒྱ་ལ་ལ་ཞིག་གིས། རླུང་གི་ཤུགས་ལས་འདས་པའི་རྟ་མཆོག་དག་ད། ང་ལྡན་པའི་ལྕགས་ཀྱི་ཤིང་རྟུལ་ཞོན་ཏེ། དེ་ཡང་མུ་ཁྱུད་ཀྱི་ཤིང་ཡང
175a6 ཆུ་ལ་མྱི་རེག། རྟ་རྣམས་ཀྱི་མྱིག་པ་ཡང་ཚུལ་མྱི་རེག། པདྨ་མའི་ལོ་མ་རྣམས་ཀྱང་རྟའི་མྱིག་པ་དག་གིས་མྱི་བརྟོལ་བ་ཙུམ་གྱི་སྟོབས་དང་ཤུགས་དང་མགྱོགས་པ་དེ་ལྟ་བུས་རྒྱུག་ལ།། ཀུན་དགའ་བོ
175a7 དེ་ནས་རྫིང་དེའི་ནང་ནས་སྤྲུལ་གཏུག་པ་ཞིག་བྱུང་བས་ཤིང་རྟ་དེ་མཚོའི་ནང་ནས་ཕྱིར་མ་ལོག་པ་དེའི་བར་སྐབས་སུ་ཤིང་རྟ་དེ་ལན་བརྒྱད་བསྐོར་ན། ཀུན་དགའ་བོ་སྤྲུལ་གདུགས་པས་ཤིང་རྟ་ལན་གཅིག་བསྐོར་བའི
175a8 ཡུན་ཇི་ཙམ་པ།། དེའི་བར་སྐབས་སུ། ཀུན་དགའ་བོ་ཁྱོད་ཆོས་བསྟན་པ་རྣམ་པ་བརྒྱད་སྟོན་ཅིང་། དོན་ཀྱང་གོ་བར་བྱེད་དོ།། ཀུན་དགའ་བོ་ཁྱོད་ཚིག་གཅིག་སྨྲ་བའི་ཡུན་ཇི་ཙམ་པ་དེའི་བུརླ་སྐབས་སུ། མོའུ་དགལ་གྱི་བུ
175a9 ཆེན་པོ་ཆོས་བསྟན་པ་རྣམ་པ་བརྒྱད་སྟོན་ཅིང་དོན་ཀྱང་ཀོ་བར་བྱེད་དོ།། ཀུན་དགའ་བོ་མོ་དགལ་གྱི་བུ་ཆེན་པོ་ཆེག་གཅིག་སྨྲ་བའི་སུམ་ཅི་ཙམ་པ་དེའི་བར་སྐབས་སུ་གནས་བརྟན་ཤ་ར་དྭ་ཏིའི་བུ་ཆོས་བསྟན་པ་རྣམ་པ་བརྐྱད།