e-texts navigator
Collection
Volume
Page
Wylie

174b1 བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལྡ་ཏོ།། བཅོམ་ལྡན་འདས་ཅི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དཔག་ཏུ་མ་མཆིས་པ་ལགས
174b2 སམ། བཅོམ་ལྡན་འདས་ཅི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོན་ཏན་དཔག་ཏུ་མ་མཆིས་པ་དང་ལྡན་པ་ལགས་སམ།། དེ་སྐད་ཅེས་གསོལ་ད་པ་དང་། བཅོམ་ལྡན་འདས་ཀྱིས་ཆེ་དང
174b3 ལྡན་པ་ཀུན་དཀའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མྱེད་དོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང
174b4 དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཡོན་ཏན་དཔག་ཏུ་མྱེད་པ་དང་ལྡན་ནོ།། ཚེ་དང་ལྡན་པ་ཀུན་དགའ་བོས་ལན་གཉིས་ལན་གསུམ་ཏུ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་ཅི་དེ་བཞིན
174b5 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དཔག་ཏུ་མ་མཆིས་པ་ལགས་སམ།། བཅོམ་ལྡན་འདས་ཅི་དེ་བཞི་ན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྗེས
174b6 ཡོན་ཏན་དཔག་ཏུ་མ་མཆིས་པ་དང་ལྡན་པ་ལགས་སམ། བཅོམ་ལྔ་ན་འདས་ཀྱིས་ཀྱང་ལན་གཉིས་ལན་གསུམ་དུ་ཚེ་དང་ལྡན་པ་ཀུན་ད་གའ་བོ་ལ་འདི་སྐད་ཅེས་བཀའ་སྩ་ལ་ཏོ།། ཀུན་དགའ་བོ་དེ་བཞིན
174b7 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མྱེད་དོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཡོན་ཏན་དཔག་ཏུ་མྱེད་པ་དང་ལྡན་ནོ།།
174b8 ཀུན་དཀའ་བོ་ཁྱོད་དེ་བཞིན་གཤེགས་པ་རྣམས་ཀྱི་དཔག་ཏུ་མྱེད་པ་མཉན་པ་འམ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡུལ་ཤེས་པ་འམ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ཤེས་པར་འདོད་དམ།། དེ་སྐད་ཅེས་བཀའ་སྩལང་པ།
174b9 དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལང་ཏོ།། དགེ་སློང་རྣམས་ལ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ།། བདེ་བར་གཤེགས་པས་བསྟམ་ཏུ་གསོལ་པ།། དགེ་སློང་རྣམས་ཀྱིས




iiif viewer powered by OpenSeadragon

174a - 175a

Texts on this page

Ng19.3 - 'phags pa gser gyi bye ma lta bu zhes bya ba theg pa chen po'i mdo