e-texts navigator
Collection
Volume
Page
Wylie

173b1 འདས་ན། བྱ་ཀོང་ཕུང་པོའི་རི་ལ་བཞུགས་སོ།། བྱང་ཆུབ་སེམས་དཔའ་ཚད་མྱེད་གྲངས་མྱེད་པ་དང་། ལྒ་དང་ཀླུའི་འཁོར་དང་ཐམས་གཅིག་སྟེ། བཅོམ་ལྡན་འདས
173b2 ལ་མཆོད་ཅིང་བཀུར་སྟི་བགྱིད་དོ།། དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔལ་སའི་སྙིང་པོ་འཇུག་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་སཱུ་རྱ
173b3 མངའ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལྡ་པ།། སའི་སྙིང་པོ་དེ་བཞིན་གཤེགས་པ་ལ་སྐུ་གསུམ་མངའ་སྟེ།། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའི
173b4 སྐུ་གསུམ་ནི། རང་བཞིན་རྣམ་པར་དག་པ་ན་ཆོས་ཀྱི་སྐུའོ།། ཏིང་ངེ་འཛིན་རྣམ་པར་དག་པ་ནི་ལོངས་སྤྱོད་པའི་སྐུའོ།། སྤྱོད་པ་རྣམ་པ་ར་དག་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྐུའོ།། རིགས་ཀྱི
173b5 བུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི། ནམ་ཀ་ལྟར་རང་བཞིན་མྱེ། དཔའི་དོན།། ལོངས་སྤྱོད་རྫོགས་པའི་སྐུ་ནི་སྤྲིན་ལྟར་ཡོན་ཏན་འ། བྱུང་བའི་དོན།། སྤྲུལ་པའི་སྐུ་ནི་སངས་རྒྱས་ཐམས་ཅད་ཀྱི་འཕྲིན
173b6 ལས་ཏེ་ཆར་པ་ལྟར་ཐམས་ཅད་བངས་པའི་ཕྱིར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་སྐུ་གསུམ་བཤད་པ་ཇི་ལྟར
173b7 བལྟ་བྱར་བགྱི།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔལ་སའི་སྙིང་པོ་ལ་བཀའ་གསལ་བ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་སྐུ་གསུམ་ནི་འདི་ལྟར་བལྟ་བར་བྱ་སྟེ། ཙསྱ་ནི་སཱུ་ནི་དེ་བཞིན་གཤེགས་པ་ལ
173b8 xxx
173b9 xxx




iiif viewer powered by OpenSeadragon

173a - 174a

Texts on this page

Ng19.2 - 'phags pa sku gsum zhes bya ba theg pa chen po'i mdo