| e-texts navigator |
| Wylie |
173a1 རྒྱས་ཉི་མ་མཐོང་བར་བགྱི་སླད་དུ།། རྟག་པར་ཡང་ནི་སྨོན་ལམ་རབ་ཏུ་འདེབས་པར་བགྱིད།། བདག་ནི་རྟག་ཏུ་དོག་སར་བུས་མོ་བཙུགས་ནས་སུ།། རྒྱལ་བའི་གཟུགས་ཀྱིས་སྐོམ་པས་རབ་ཏུ་མྱ་ངན་སེམས།།
173a2 འདྲེན་པའི་སླད་དུ་སྙིང་རྗེའི་སྐད་ཀྱིས་ཏུ་བ་བགྱིད།། བདག་ནི་བདེ་བར་གཤེགས་པ་མཐོང་བར་རབ་ཏུ་སྐོམ།། མྱ་ངན་མྱེ་ཡིས་ཀུན་ཏུ་འབར་བར་འགྱུར།། མཐོང་བའི་ཆུ་བིསལ་བདག་ལ་རྟག་གསལ་ཏུ་གསོལ།། བདག་ནི་ཁྱོད
173a3 ཀྱི་གཟུགས་ལ་བལྟ་བས་རབ་ཏུ་སྐོམ།། ཐུགས་རྗེ་ཆབ་ཀྱིས་བདག་ལ་རབ་ཏུ་རིམ་པར་མཛོད།། འདྲེན་པ་ཁྱོད་ནི་བདག་ལ་ཐུགས་རྗེ་མཛ་དུ་གསོལ།། ཞི་བའི་གཟུགས་མཐོང་བ་ནི་བདག་ལ་གསལ་དུ་གསོལ།། ཁྱོད་ནས།
173a4 དང་བནས་པའི་འགྲོ་བའི་སྐྱོབ་པའི།། འདི་ལྟར་ཉན་ཐོས་རྣམས་ཀྱི་ལུས་ནི་སྟོང་པ་ལགས།། སེམས་ཅན་ཐམས་ཅད་དག་ནི་མྱི་ལམ་ང་བཞིན་ཏེ།། ནམ་མཁའ་འདྲ་ཞིང་ནམ་མཁའ་ངོ་བོ་ཉིད་ཀྱང་ལས།
173a5 སྒྱུ་མ་སྨིག་རྒྱུ་དང་ནི་ཆུའི་ཟླ་བ་དང་།། འདྲེན་པ་ཁྱོད་ཀྱི་སྟོན་པ་ཆེ་དངལྡན་པ་ལགས།། དེ་ནས་བཅོམ་ལྡན་འདས་གདན་ལས་བཞེངས་ཏེཚངས་པའི་སྒྲ་སྐད་ཀྱིས་བཀའ་སྩལ་པ།། རིགས་ཀྱི་ལྷ་མོ་ཁྱོད
173a6 ལེགས་སོ།། ཁྱོད་ཡང་ལེགས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ནས།། རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པ་ལྷ་མོ་དབྱངས་ཅན་ལས་སྩོགས་པའི་ལྷའི་བུ་མོ་དེ་དག་ཐམས་ཅད་དང་།
173a7 ལྷ་མོ་ཆེན་མོ་དཔལ་ལ་སོགས་པ་ལྷའི་བུ་མོའི་ཚོགས་དེ་དག་ཐམས་ཅད་དང་། ནམ་པོས་ཀྱི་བུ་ལ་སོགས་པ། སྤུའི་རྒྱལ་པོ་དེ་དག་ཐམས་ཅད་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་ཀ་ལྷ་དང་། མྱི་དང་། སུམ
173a8 ཡིན་དང་། དྲི་བར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལས་མངོན་པར་སྤྱོད་དོ།། ། གསེར་འོད་དམ་པ་མོདོ་སྡེའི་དབང་པོའི་རྒྱལ་པོ་ལས།། མཇུག་སུད་ཀྱི་ལེའུ
173a9 ཞེས་བྱ་སྟེ།། ཉི་ཤུ་དགུ་པའོ།། ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ། ཐེག་པ་ཆེན་པོའི་མདདོ།། རྫོགས་སོ།།