e-texts navigator
Collection
Volume
Page
Wylie

172b1 མཁའ་གཉི་དཀྱིལ་རྫོགས་པ་བཞིན།། རི་རབ་ལྟ་བུར་ཡོན་ཏན་ཀུན་ལྡན་པར།། འཇིག་རྟེན་ཁམས་རྣམས་ཀུན་ཏུ་རབ་དགའ།། བ་ཞོ་ཀུ་མུ་ད་དང་ཟླ་འདྲ་ཞིང་།། ཁ་བའི་མདོག་དང་དཀར་པོ་བཟང་འདྲ་བའི།། ཚེམས་ཀྱི་འཕྲེང་།
172b2 པས་ཁྱོད་ཀྱིས་ཞལ་མཛེས་པ།། དད་པའི་རྒྱལ་པོས་པར་སྣང་ཅི་བཞིན་ནོ།། ཁྱོད་ཀྱིས་ཞལ་མཚམས་ནམ་མཁའི་ཟླ་བ་འདྲ།། གཡས་སུ་འཁྱིལ་ཅང་ཁོང་ཚུད་འདྲ་བ་ལགས།། བེ་ཏུ་རྱ་འདྲའི་སྐུ་འོད་དཀར་རྣམས་ཀྱིས།། ནཾ
172b3 མཁའི་དཀྱིལ་ན་ཉི་མ་ལྟ་བུར་མཛེས།། ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས།། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པའི་ལེའུ་ཞེས་བྱ་སྟེ།། ཉི་ཤུ་བརྒྱད་པའོ།།
172b4 དེ་ནས་རིགས་ཀྱི་ལྷ་མོ་བྱང་ཆུབ་སང་དེདག་པར་བསྡུས་པས།། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གིས། བཅོམ་ལྡན་འདས་ལ་བསྟོད་པ།། རྣམ་པར་དག་པའི་ཆོས་ལ་སྤོངས
172b5 པའི་བློ་མངའ་བ།། ལས་ངན་ལམ་དང་བྲལ་བའི་བདག་ཉིད་བློ་མར་འཔ།། སངས་རྒྱས་རྣམ་དག་བློ་མངའ་བ་ལ་ཕྱག་འཚལ་ལོ།། ཀྱེ་མའོ་ཀྱེ་མའོ་སངས་རྒྱས་གཟི་བརྗིད་མཐའ་ཡས་ཏེ།། ཀྱེ་མའོ་ཀྱེ
172b6 མའོ་རྒྱ་མཚོ་དང་ན་རེ་རེབ་འདྲ།། ཀྱེ་མའོ་ཀྱེ་མའོ་སངས་རྒྱས་སྤྱོད་ཡུལ་མཐའ་ཡས་ཏེ།། ཨུ་དྲམ་པ་རིའི་མེ་ཏོག་བཞིན་ཏུ་ཤིན་ཏུ་བཀོན།། སེམས་ཅན་དག་ནི་རྗེས་སུ་བཟུང་སྨད་དུ།། གང་གིས་མོདོ་སྡེའི་དམ་པ་འདི་འདྲ་རབ
172b7 གསུངས་པ།། མྱི་དབང་ཉི་མ་ཤག་ཀྱི་དབང་པོའི་རིགས་ཀྱི་ཏོག།། ཀྱེ་མའོ་ཀྱེ་མའོ་དེ་བཞིན་གཤེགས་པ་ཐུགས་རྗེ་ལྡན།། དེ་བཞིན་གཤེགས་པ་ཤག་ཀྱ་ཐུབ་པ་དབང་པོ་ཞི།། ཞི་བའི་དམ་པ་ཞི་བའི་གྲོང་ཁྱེར་རབ་ཏུ་ཞུགས།། ཏ
172b8 འཛིན་ཟབ་ཅིང་ཞི་ལ་རྟུལ་དང་བྲལ་བ་ནི།། རྒྱལ་བ་སངས་རྒྱས་སྤྱོད་པ་ཡུལ་དེར་ཡང་རབ་ཏུ་ཞུགས།། དེ་ལྟར་ཉན་ཐོས་རྣམས་ཀྱི་ལུས་ནི་སྟོང་པ་སྟེ།། རྐང་གཉིས་དམ་པ་རྣམས་ཀྱི་གནས་པ་སྟོང་པ་ལགས།། ཆོས་རྣམས་དེ
172b9 དག་ཐམས་ཅད་རང་བཞིན་སྟོང་ལགས་ན།། སེམས་ཅན་རྣམས་དེ་སྟོང་པའི་བདག་ཉིད་མ་འཚལ་ཏོ།། རྟག་པར་ཁོར་ཟུག་ཏུ་ནི་རྒྱལ་བ་དྲན་བཱ་བགྱིད།། རྒྱལ་བ་མ་འོང་བར་ཡང་ནི་རྟག་ཏུ་མྱ་ངན་བགྱིང་།། རྫོགས་པའི་སངས




iiif viewer powered by OpenSeadragon

172a - 173a

Texts on this page

Ng19.1 - 'phags pa gser 'od dam pa mdo sde'i dbang po'i rgyal po zhes bya ba theg pa chen po'i mdo