| e-texts navigator |
| Wylie |
172a1 གཅིག་ཙམ་རབ་བསྟན་པར།། ལྷར་བཅས་འགྲོ་བའི་ནང་ནས་ནུས་མ་མཆིས།། ཡོན་ཏན་མཚོ་ལས་ཡོན་ཏན་ཐིགས་བླངས་ཏེ། དེ་ལྟར་བདག་གིས་མདོར་བསྡུས་ནུང་བཟང་བཤད།། བདག་གི་བསོད་ནམས་གང་།།
172a2 བསྔགས་དེ་ཡིས་ནི།། སེམས་ཅན་དེ་དག་བྱང་ཆུབ་མཆོག་རེག་ཤོག། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྟོད་པའི་ལེའུ་ཞེས་བྱ་སྟེ། ཉི་ཤུ་རྩ་བདུན་པའོ།།
172a3 དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་སྟན་ལས་ལངས་ཏེ།། བླ་ཀོས་ཕྲག་པ་གཅིག་ཏུ་གཟར་ནས།། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།། བཅོམ་ལྡན་འདས་ག་ལ་བ་དེ་ལོགས
172a4 སུ་ཐལ་མོ་སྦྱར་བ་བརྒྱད་ནས།། ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ།། ཐུབ་དབང་ཁྱོད་ནི་བསོད་ནམས་བརྒྱ་པའི་མཚན་དཔལ་སྟོང་མཛེས་པའི་ཡོན་ཏན་རྣམས་ཀྱིས་བརྒྱད།། ཁ་དོག
172a5 ཆེན་མཆོག་ཏུ་ཞི་བ་སྟོན།། ཉི་མ་སྟོང་ལྟར་འོད་ནི་རྣམ་པར་འཕྲོ་འོད་གཟེར་དུ་མ་འབར་བས་འོད་ཀྱིས་ཁྱབ་ཁ་དོག་སྣ་ཚོགས་གང་། བས་རིན་ཆེན་འདྲ།། སྔོན་པོ་དཀར་པོ་གསེར་འོད་བྱེ་དཱུརྱ།། ཟངས
172a6 དང་སྐྱ་རེང་ཤེལ་གྱི་འོད་ལྟ་བུས།། རྡོ་རྗེ་རི་དབང་རི་རབ་ཐལ་མཛད་ཅིང་།། ཞིང་རྣམས་བྱེ་བ་ཏུ་མང་སྣང་མཛད་དེ།། སྡུག་བསྔལ་མྱི་བཟང་དྲག་པོ་ཞི་བར་མཛད།། བདེ་བ་མཆོག་གིས་སེམས་ཅན་ཚིམ
172a7 བར་མཛད།། མདོག་དང་དབང་པོ་གསལ་བག་བལྟ་ན་མཛེས།། གཟུགས་བལྟས་མྱི་ངོམས་སྐྱེ་བོས་བལྟ་ན་དཀའ།། རྨ་བྱའི་མདོག་འདྲའི་དབུ་སྨ་རྣམ་པར་མཛེས།། བུང་བ་མང་པོས་གང་བའི་འོད་དང་འདྲ།། ཐུགས
172a8 རྗེ་རྣམ་དག་ཡོན་ཏན་རྣམས་ཀྱིས་བརྒྱན།། ཏིང་འཛིན་བྱམས་པ་བསོད་ནམས་དམ་པ་བརྩེགས།། དཔའ་བྱད་བཟང་དང་ཁ་དོག་སྣ་ཚོགས་ལྡན།། ཏང་ངེ་འཛིན་བྱང་ཆུབ་ཡན་ལག་ཡོན་ཏན་བརྒྱན།། ཁྱོད་ནི་རབ་ཏུ་ཚིམ
172a9 མཛད་པན་པ་མཛད།། བདེ་མཛད་བདེ་བ་ཀུན་གྱི་འབྱུང་གནས་འབྱུང་།། ཡོན་ཏན་ཟབ་མོ་སྣ་ཚོགས་རྣམས་ཀྱིས་བརྒྱན།། ཞིང་རྣམས་བྱེ་བ་དག་ཏུ་ལྷ་དེ་སྟེ།། མྱེའི་འོད་ལྟར་འོད་གཟེར་རྣམས་ཀྱིས་མཛེས།། ཅི་ལྟར་ནི