| e-texts navigator |
| Wylie |
171b1 པ་གསེར་དང་། རིན་པོ་ཆེའི་འབྱུང་གནས་གདུགས་བསྐྱེགས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།། ཕྱོགས་གཅིག་ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་།། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་ཏུ་མ་དེ་དག་གིས
171b2 བལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་གསེར་དང་རིན་པོ་ཆེའི་འབྱུང་གནས། གདུགས་བརྩེགས་དེ་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ།། རྒྱལ་བའི་སྐུ་མདོག་བཙོ་བོའི་གསེར་འདྲ་སྟེ།། སྐུ་ལུས་གསེར་གི
171b3 མདོག་ཏུ་རྣམ་པར་གདའ།། གསེར་གྱི་རི་དབང་ལྟ་བུར་གསེར་གི་མདོག། ཐུབ་པ་པད་མ་དཀར་པོ་གསེར་མདོག་ཅན།། བཟང་པོ་མཚན་གྱིས་སྐུ་ལུས་བརྒྱན།། དཔེའ་བྱད་སྣ་ཚོགས་བཟང་པོས་སྐུ་ལུས་སྤྲས།། གསེར་གི
171b4 འོད་ལྟར་མཛེས་པ་རྣམ་པར་འབར།། ཤིན་ཏུ་དྲི་མྱེད་ཞི་བ་རི་དབང་འདྲ།། ཚངས་པའི་སྐུ་དང་སྒྲ་སྙན་ཚངས་པའི་དབྱངས།། སེང་གེའི་སྨ་དང་འབྲུག་སྒྲ་བསྒྲགས་པའི་དབྱངས།། ཡན་ལག་དྲུག་བཅུ་བསྒྲགས
171b5 སྨ་དྲི་མྱེད་སྨྲ།། རྒྱལ་དབྱངས་རྨ་བྱ་ཀ་ལ་བྱིང་ཀའི་སྨ།། ཤིན་ཏུདྲི་མྱེད་དྲི་བྲལ་གཟི་འོད་མཛེས།། རྒྱལ་བ་བསོད་ནམས་བརྒྱ་པའི་མ་ཚན་གྱིས་བརྒྱན།། མཁྱེན་པ་བརྒྱ་མཚོ་དྲ་མྱེད་དྲི་བྲལ་མཆོག།
171b6 རྒྱལ་བ་ཡོན་ཏན་ཀུན་ལྡན་རི་རབ་འདྲི།། སེམས་ཅན་རྣམས་ལ་ཕན་པར་ཐུགས་བརྩེ་མཆོག། འཇིག་རྟེན་དག་ན་བདེ་བ་སྦྱིན་པའི་མཆོག། རྒྱལ་བ་དམ་པའི་དོན་རྣམས་སྟོན་པ་སྟེ།། མྱ་ངན་འདས་པའི་བདེན་ལ་འཛུད་པ
171b7 ལགས།། མཆི་བའི་མྱེད་པའི་བདེ་བ་གསོལ་བ་སྟེ།། རྒྱལ་བ་བདུད་རྩིའི་ཆོས་ནི་རབ་ཏུ་སྟོན།། འཆི་བ་མྱེད་པའི་གྲོང་ཁྱེར་འཇུད་པ་སྟེ། བདེ་བ་ཀུན་གྱི་འབྱུང་གནས་བདེ་བའི་གནས།། རྒྱལ་བ་འགྲོ་བའི་སྡུག་བསྔལ་བར།
171b8 བར་མཛད།། སྡུག་བསྔལ་རྒྱ་མཚོ་ལས་ནི་སྐྱེ་དགུ་སྒྲོལ།། ཞི་བའི་ལམ་ལ་སྐྱེ་དགུ་རབ་ཏུ་འཛུད།། སྐྱེ་དགུ་རྣམས་ལ་བདེ་བ་ཀུན་གསོལ་པ།། ཁྱོད་ལ་དཔེ་ན་བགྱི་བར་མྱི་ནུས་ཏེ།། ཇི་སྙེད་འདྲེན་པའི་ཡེ་ཤས་ཡོན་ཏན།
171b9 གཙོ།། སྲོག་ཆགས་ཀུན་ལ་ཁྱོད་ཀྱི་ཤུགས་རྗེ་དང་། བྱམས་པའི་སྟོབས་དང་ཐབས་དང་བརྩོན་འགྲུས་དང་།། ཁྱོད་ཀྱི་ཡོན་ཏན་ཡེ་ཤེས་རྒྱ་མཚོ་ལས།། བསྐལ་པ་བྱེ་བ་སྟོང་ཕྲག་མང་པོར་ཡང་།། ཡོན་ཏན་ཐིགས་པ