e-texts navigator
Collection
Volume
Page
Wylie

171a1 རབ་ཏུ་དུ་ཞིང་ཁྱིམ་དུ་ཡོ་དས་ནི།། དེ་ཡིས་སྐྱེད་པར་ལ་གོར་མྱུར་དུ་ཡང་།། བཙུན་མོ་ལ་ནི་རང་གི་བུ་རྣམས་བསྟན།། ཤག་ཀྱ་ཐུབ་པ་དེ་བཞིན་གཤེགས་པ་ད།། སྔོ་གི་རྒྱལ་པོ་ཤིང་ཆེན་པོ་ཡི་གབུ་སྟེ་སྙིང་སྟོབས་ཆེན་པོ་མཚོན
171a2 གྱུརྡ་ཅིང་།། གང་གིས་སྟག་མོ་བདེ་བར་བྱས་པ་ཡིན།། རྒྱལ་པོའི་དབང་པོ་དམ་པ་གཙང་མ་ནི།། ཤིང་ག་ཆེ་ཞེས་བྱ་བ་རྒྱལ་པོར་གྱུར།། བཙུན་མོ་འང་བཙུན་མོ་དམ་པ་སྒྱུ་འཕྲུལ་གྱུར།། སྒྲ་ཆེན་པོ་བྱམས་པར་གྱུར་ད་པ་ཡིན། རྒྱལ་བུ་ལྷ་ཆེས
171a3 པོ་ཡང་དེ་བཞིན་དུ།། དེ་ནི་འཇམ་དཔལ་གཞོ་ནུར་གྱུར་པ་ཡིན།། སྟག་མོར་གྱུར་པ་སྐྱེ་དཀུའི་བདག་མོ་ཆེ།། སྟག་ཕྲུག་དག་ནི་དགེ་སློང་ལྔ་པོར་འགྱུར།། དེ་ནས་རྒྱལ་པོ་ཤིང་རྟ་ཆེན་པོ་དང་། བཙུན་མོས་སྙིང་རྗེ་བར་སྨྲེ་སྔགས་རྣམ
171a4 པ་མང་པོ་བཏོན་ནས།། རྒྱན་ཐམས་ཅད་བཀྲོལ་ཏེ།། སྐྱེ་བོའི་ཚོགས་ཆེན་པོ་དང་།། ལྷན་ཅིག་ཏུ་བུའི་རུས་པ་ལ་མཆོད་པ་བྱས་ནས། སྙིང་སྟོབས་ཆེན་པོ་དེའི་རུས་པ་འདི་དག་ས་ཕྱོགས་འདི་ཉིད་དུ་བཞན
171a5 སྟེ།། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་འདི་བྱས་སོ།། སྙིང་། སྟོབས་ཆེན་པོ་འདིས་སྟག་མོ་ལ་ལུས་ཡོངས་སུ་བཏང་ནས།། ལུས་ཡོངས་སུ་བཏང་བ་འདིས། ཕྱི་མ་མ་འོངས་པའི་དུས་ན
171a6 བསྐལ་པ་བགྲང་བ་ལས་ཤིན་པ་སུ་འདས་པ་རྣམས་སུ་ཡང་།། སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱའོ་ཞེས། སྨོན་ལམ་དེ་སྐད་བ་ཏབ་བོ།། བསྟན་པ་འདི་བཤད་པ་ན། ལྔ་དང་མྱིར་བཅས
171a7 པའི་མྱི་བུའི་སེམས་ཅར་གྲངས་བྱེད་པ་དཔག་ཏུ་བྱེད་པ་དག་ཀླུར་བྱེད་པ་ཡང་དག་པར་རྫོགས་བྱང་ཆུབ་ཏུ་སེམས་སྐྱེད་དོ།། མཆོད་རྟེན་འདིར་བསྟན་པའི་རྒྱུནི་འདི་ཡིན་ནོ།། རྐྱེད་དེ་འདི་ཡིན་ནོ།། མཆོད་རྟེན་དེ་ཡང
171a8 སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ས་འདི་ཉིད་ཀྱི་ནང་དུ་ཞུགས་སོ།། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་སྟུག་མོ་ལ་ལུས་ཡོངསུ་བཏང་བའི་ལེའུ་ཞེས་བྱ་སྟེ། ཉི་ཤུ་མ་དྲུག་པའོ།།
171a9 དེ་ནས་བྱང་ཆུབ་སེམས་དཔའ་འབུམ་ཕྲག་ཏུ་མ་དེ་དག། དེ་བཞིན་གཤེགས་པ་གསེར་དང་། རིན་པོ་ཆེའི་འབྱུང་གནས་གདུགས་བསྲེགས་ག་ལ་བ་དེར་སོང་སྟེ། ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས




iiif viewer powered by OpenSeadragon

170b - 171b

Texts on this page

Ng19.1 - 'phags pa gser 'od dam pa mdo sde'i dbang po'i rgyal po zhes bya ba theg pa chen po'i mdo