| e-texts navigator |
| Wylie |
170a1 པ་སར་འགྱེལ་ལ།། བདག་ཉིད་ཆུའི་རྒྱུན་ཀྱང་ཐོར།། ཅི་སྲིད་དྲན་རྙེད་ལྡན་འགྱུར་བ།། དེ་སྲིད་དུ་ནི་ཆུའི་ས་གཏོར།། བདག་བུ་གུམ་འམ་གསོན་ཞིག་ཅེས།། ཞུམ་པའི་ཡིད་ཀྱིས་འདྲི་བར་བྱེད།། རྒྱལ་པོ་ཤང
170a2 ཆེན་པོ་ཡིས།། བཙུན་མོ་མཆོག་ལ་འདི་སྐད་སྨྲས།། བློན་པོ་དག་དང་འཁོར་རྣམས་ཀྱང་།། གཞོན་ནུ་རྣམས་ནི་ཚོལ་ཕྱིར་དོང་།། ཁྱོད་ནི་རབ་ཏུ་ཡིད་ཞུས་ཞིང་། རྟག་ཏུ་མྱ་ངན་སྙིང་མ་བྱེད།། དེ་ལྟར་ཤིང་རྟ་ཆེན་པོ་འས།། བཙུན་མོ
170a3 དམ་པ་སྤྲོ་བསྲིངས་ཏེ།། རྒྱལ་པོའི་ཕོ་བྲང་ནས་བྱུང་ནས།། མྱ་ངན་ནོན་ཅང་དུ་བཞིན་དུ།། བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་ཏེ།། ཡིད་ནི་རབ་ཏུ་ཞུམ་ལུས་ཀྱང་ཞན།། སྲོག་ཆགས་བརྒྱ་ཕྲག་མང་པོ་ཡང་།། ངུ་ཞིང་མཆི
170a4 མ་ཟག་བཞིན་རྒྱུཀ། རྒྱལ་བུ་རྣམས་ནི་བཙལ་བའི་ཕྱིར།། གྲོང་ཁྱེ་ར་གི་ནི་མཆོག་ནས་འབྱུང་།། རྒྱལ་པོ་བྱུང་བ་མཐོང་ནས་ནི། རྒྱལ་པོའི་ཕྱེ་བཞིན་ཀུན་ཏུ་འབྲང་།། རྒྱལ་པོ་ཤང་རྟ་ཆེན་པོ་ན།། གྲོང
170a5 ཁྱེར་ནས་བྱུང་དེ་མ་ཐག། སྟུག་པའི་བུ་ནི་ལྟེ་བའི་ཕྱིར།། རྒོད་པ། མྱིག་གིས་ཕྱོགས་སུ་བལྟས།། མགོ་བྲེགས་ཡན་ལག་ཁྲག་སྤག་ས་ཤིང་།། ལུས་ལ་རྡུལ་གྲིས་གོས་གྱུར་ལ།། གདོང་ལ་མཆི
170a6 ཐག་ཏུ་བཞིན་དུ།། འོང་བའི་མྱིག་བཞིན་མཐོང་ནས་ནི།། ཤིང་ཏེ་ཆེན་པོའི་སྙི་ལ་ཡང་།། རབ་ཏུ་མྱི་བཟང་མྱ་ངན་གནས།། ཏྲ་ཞིང་གདོང་ལ་མ་རི་མ་ཐག། ལག་པ་བསྙུང་སྟེ་ཏུ་ཞིང་འདུག། དེ་ནས་བློང་པོ་གཞན
170a7 ཞིག་ནི།། རྒྱང་རིང་མྱུར་དུ་རིངས་པར་འོངས།། འོངས་ནས་མྱི་དབང་རྒྱལ་པོ་ན།། ཤིང་རྟ་ཆེ་ལ་འདི་སྐད་སྨྲས།། མྱི་དབང་ཐུགས་ངན་མ་མཛད་ཅིག། ཁྱོད་སྲས་ཡིད་དུ་འོང་བར་མཆིས།། རིང་པོ་མྱི་ཐོགས་ཁྱོད་ཀྱི་གན་འདི་འི་ནི།། སྲས
170a8 མཆོག་ཡིད་འོང་མཆི་བ་ཁྱོད་ཀྱིས་གཟིགས།། རྒྱལ་པོ་ཡུད་ཙམ་ལམ་ཏུ་ཞུགས་པ་དང་།། དེ་ནས་བློན་པོ་ཆེན་པོ་གཉིས་པ་འོངས།། རྟུལ་ཆགས་དྲི་མཉན་ཀི་ཀོས་གྱོན་ཅིང་།། མཆི་བའི་གདོང་གིས་རྒྱལ་ལ་འདི་སྐད་སྨྲས།། རྒྱལ
170a9 པོ་ཆེན་པོ་ཁྱོད་ཀྱི་སྲས་གཉིས་ནི།། མྱ་ངན་མྱེ་ཡིས་རབ་ཏུ་གདུངས་ཤིང་གནས།། རྒྱལ་པོ་ཁྱོད་ཀྱིས་སྲས་མཆོག་གཅིག་མྱེ་གདལ།། སྙིང་སྟོབས་ཆེན་པོ་མྱི་རྟག་ཉིད་ཀྱིས་ཟིན།། སྟག་མོ་བུ་བྱུང་། རིང་པོར་མ་ལོན་པ།། རང