e-texts navigator
Collection
Volume
Page
Wylie

9a1 དེ་འཇུ་ནུས་པར་འགྱུར་རོ།། བཅོམ་ལྡན་འདས་དེ་ནི་བཀའ་མེད་དོ།། བཀའ་སུ་སད་པ་ཅི་དང་པོའི་ཟས་ཀྱིས་མགུ་བར་འགྱུར་རམ།། གསོལྡ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཀའ་སྩལ།
9a2 པ། ཆེ་ཞེ་དེ་བཞིན་དུ་གང་གི་ཚེ་ངའི་ཉན་ཐོས་རྣམས་བྱིས་པ་ཆུང་ངུ་ཉུང་ངུ་ཟ་བ་དང་འདྲ་བའི་ཚེ་ནི། ད་མར་དང་འདྲ་བའི་བསྡུག་བསྔལ་དང་མྱི་རྟག་པ་དང་། སྟོང་པ་དང་བདག་མྱེད་པའི་སྟན་པ་སྟོནད་ཏོ།། གང་གི་ཚེ་ཁྱོད
9a3 གི་བུ་སྐྱེས་པ་བཞིན་དུ་ཉན་ཐོས་ཆེན་པོར་གྱུར་ད་ཏེ། སྟོབས་ཆེན་སྐྱེས་ཤིང་ཐེག་པ་ཆེན་པོ་འདོད་པར་གྱུར་པ་དེའི་ཚེ་ནི་ང་ཡང་རོ་དྲུག་དང་ལྡན་པའི་ཁ་ཟས་ཆེན་པོ་དང་འདྲ་བའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ
9a4 སྟོན་ཏོ།། དེ་ལ་རོ་དྲུག་པོ་རྣམས་གང་ཞེ་ན། བསྡུག་བསྔས་ཀྱི་སྐུར་དང་། མྱི་རྟག་པའི་ལན་ཙ་དང་། བདག་མྱེད་པའི་ཚ་བ་དང་། བདེ་བའི་དངང་བ་དང་། བདག་ཡོད་པའི་སྐ་བ་དང་། རྟག་པའི་ཁ
9a5 བ་རྣམས་ཏེ། རོ་དྲུག་པོ་འདི་རྣམས་ཉོན་མོངས་པའི་བུད་ཤིང་དེ། པ། སྒྱུ་མའི་མྱེས་བཅོས་པའི་ཟས་ཡོངས་སུ་མྱ་ངན་ཝ་འདྲ་པ་ཆེ།། ན་པོའི་དེ་ཁོ་ན་འབྲས་ཅན་ཞིམ་པོ་ངའི་ཉན་ཐོས་རྣམས་ཟ་བར་འགྱུར
9a6 རོ།། ཆེ་ཞེ་གཞན་ཡང་དཔེར་ན། ཁྱོད་གཞན་གིས་བོས་སམ། གཞན་ཀི་ཀཙུག་ཕུད་བཅའ་བའི་ཕྱིར་གྲོང་གཞན་དུ་འགྲོ་བར་འདོད་པ་ན་བུ་ངན་པ་རྣམས་བོར་ཏེ། བུ་བཟང་པོ་རྣམས་བླངས་ནས། གཏེ།
9a7 གསང་བ་རྣམས་སྟོནད་པར་བྱེད་དམ། བཅོམ་ལྡན་འདས་དེ་ནི་བཀལ་མེད་དེ། བུ་ངན་པ་ཚུལ་མ་མཆིས་པ་ནོར་གི་བསྐལ་པ་ཅན་མ་ལགས་པ་དེ་དག་ལ་ནི། བདག་ནོར་སྟོནད་པར་མི་བགྱིད་ལགས་ཀྱི། བདག་ནི་བུ་བའང་པོ
9a8 ཁྱིམ་སོ་འཛིན་པ། ཁྱིམ་གི་དོན་བསྒྲུབ་པ། རྫས་བསྟནད་པར་འོས་པ་དེ་དག་ལ་སྟོནད་པར་བགྱིད་པ་ལགས་སོ།། བཀའ་སྩ་སད་པ། ཆེ་ཞེ་དེ་བཞིན་དུ་གང་གི་ཚེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་འགྲོ་བའི་བྱ་བ
9a9 བྱེད་པ་དེའི་ཚེ། དེ་བཞིན་གཤེགས་པ་གསང་བ་སྣ་ཚོགས་གི་དགོངས་པའི་ཚིག་མ་ལུས་པར་ཉན་ཐོས་རྣམས་ལ་སྟོན་ཏེ། དེར་སྲས་རྣམས་ལ་དད་པ་སྨིན་པར་མཛད་དོ།། ཆེ་ཞེ་དཔེར་ན། ཁྱོད་བྱེས་སུ་སོང་བ་ན།།




iiif viewer powered by OpenSeadragon

8b - 9b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo