| e-texts navigator |
| Wylie |
99b1 བམ་པོ་བཅུ་གསུམ་པའོ།། ། སངས་རྒྱས་ཆོས་ཉིད་འདི་ཡིན་གྱིས། གདུང་ཞིང་དྲུབ་པས་བྱེད་ཅིག། ངམི་བྱ་ངན་འདས་པ་ན།། བསྐལ་པ་བྱེ་བ་འད་པར་འགྱུར།
99b2 ངའི་རྟག་པ་དེ་དམ་པའི། མྱ་ངན་འདའ་བ་ང་ལ་ཉོན།། ད་མི་འབས་མྱི་བ་སྟེ།། ཐུབ་ཚ་བ་ཡོང་གིས་མྱེད།། སེམས་ཅད་ཀུན་ལ་ཕན་བདེ་བའི།། རྗེས་སུ་ཡིད་རང་ངས་བཤད་ཀྱིས།། ཐོས་ནས་ཡང་དག་རྫོགས་སངས།
99b3 རྒྱས།། གརྟག་པ་དེ་ཉིད་ཤེས་པར་གྱིས།། གང་ཚེ་འུག་པ་བྱ་རོག་རྣམས་ག་ཤིང་གཅིག་ལ་ནི་གནས་ནས་ཀྱང་།། སྤུན་དང་བུ་དང་འདྲ་བར་ན།། ཕན་ཚུན་རྟག་ཏུ་ཚིམ་པར་བྱེད།། དེ་ཆེ་སྐྲ་གཅན་ཟིན་བཞིན་དུ།། དེ
99b4 བཞིན་གཤེགས་པས་སེམས་ཅན་གཟིགས།། སེམས་ཅན་ཀུན་གྱི་མཆོག་གྱུ་ད་པ།། གཏན་ཏུ་མྱ་ངན་འདའ་བས་གྲོངས། གྲང་ཚེ་སྦྲུལ་དང་མེ་ལྀ་དག། ཤིར་ཅིག་དྲུང་དུ་གནས་ནས་ཀྱང་།
99b5 སྤུན་དང་བུ་དང་འདྲ་བར་ནི། ཕན་ཚུན་རྟག་ཏུ་ཚིམ་པར་བྱེད།། དེ་ཚེ་སྒྲ་གཅན་རིན་བཞིན་དུ།། དེ་བཞིན་གཤེགས་པས་སེམ། ས་ཅན་གཟིགས།། སེམས་ཅན་ཀུན་གྱི་མཆོག་གྱུར་ད་པ།
99b6 གཏན་དུ་མྱ་ངན་འདའ་བར་གྲོངས། གང་ཆེ་བས་ཏ་པ་ནའིམེ་ཏོག་པར་ཤའི་དྲི་འགྱུར་ཞིང་། ཀ་ར་ཀའི་ཤིང་རྣམས་ལས། རྟི་ན་ཏུ་ཀོའི་འབྲས་བུ་འབྱུང་།། དེ་ཚེ་སྨ་གཅན་ཟིན་བཞིན་དུ།།
99b7 བཞིན་གཤེགས་པས་སེམས་ཅད་གཟིགས།། སེམས་ཅན་ཀུན་གྱི་མཆོག་འགྱུར་བ།། གཏན་དུ་མྱ་ངན་འདའ་བར་གྲོངས།། གང་ཚེ་སྡིག་ཅན་འདོད་ཆེན་པ།། བྱང་ཆུབ་མངོན་པར་རྫོགས་འཆང་རྒྱ།། མཆོག་ཏུ་བདེ་བ
99b8 ཐོབ་ནས་ཀྱང་། ཉེས་པ་ཐམས་ཅད་རྣམ་སྤངས་པ།། དེ་ཚེ་སྒྲ་གཅན་ཟིན་བཞིན་དུ།། དེ་བཞིན་གཤེགས་པས་སེམས་ཅན་གཟིགས།། སེམས་ཅན་ཀུན་གྱི་མཆོག་གྱུར་ད་པ།། གཏན་དུ་མྱ་ངན་འདའ་བས་གྲོངས།
99b9 གང་ཆེ་སེམས་ཅན་ཐམས་ཅད་ནི། བསམ་པ་མཐུན་པས་གནས་གྱུརང་ཏེ། བྱང་ཆུབ་མཆོག་ཏུ་རྫོགས་སངས་རྒྱས།། ཉེས་པ་ཐམས་ཅད་རྣམ་སྤངས་པ།། དེ་ཆེ་སྒྲ་གཅན་ཟིན་བཞིན་དུ།། དེ་བཞིན་གཤེགས