| e-texts navigator |
| Wylie |
99a1 གཤེགས་པས་གསོལ་བར་ཆད་པ་ལྟ་བདག་ཅག་ནི་དཔལ་ཡོན་མྱེད་དེ། བདག་ཅག་གིས་ཞལ་ཟས་སྟ་གོན་བྱས་པ་ནི་དོན་མྱེད་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་བ་སྤུའི་འུང་བུ།
99a2 ཐམས་ཅད་ནས། བ་སཱུ་རེ་རེའི་འུང་བུ་ནས་ཀྱང་སངས་རྒྱས་རེ་རེ་མངོན་དུ་སྤྲུལ་ནས་དེས་འཁོར་རེ་རེའི་ནང་དུ་ཡང་། དེ་བཞིན་གཤེགས་པ་རེ་རེ་དགེ་སློང་གི་དགེ་འདུན་དང་བཅས་བཤོས་གསོལ་བ་ལྟ་བུར་སྟོནང་ངོ་ཏོ།། དེ་བཞིན
99a3 གཤེགས་པ་ཉིད་ནི་ཙུན་དས་ཕུལ་བའི་ཞལ་བས་གསོལ་ཏོ།། བཙུན་དས་འབྲས་ས་ལུ་ཡུལ་མ་ག་དའི་ན་ལི་ཏ་བརྒྱད་ལས་ཞལ་བས་སྦྱར་བ་ཡང་དེ་བཞིན་གཤེགས་པའི་མཐུས། དགེ་སློང་གི་དགེ་འདུན་ཐམས་ཅད་མ
99a4 ཟས་ཀྱིས་ཁྱེད་པར་མཛད་དོ།། དེ་ནས་ཙུན་ད་ཡང་དག་པར་གྱུར། ཏོ།། བདག་གི་སྦྱིན་པ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དུ་ད་བཅས་པས་གསོལ་ནས་ཡོངས་སུ་མྱ་ངན་ལས་འདའ་བར་མཛར
99a5 ངོ་སྙམ་མོ།། འཁོར་དེ་དག་ཐམས་ཅད་ཀྱང་འདི་སྙམ་དུ་སམ། ས་ཏེ། བདག་ཅག་གིས་ཕུལ་བའི་ཞལ་ཟས་དེ་བཞིན་གཤེགས་པས། ཤེད་ཀྱིས་ནུན་དའི་མ་ཞེས་སོ།། བདག་ཅག་གྱིས་ཕུལ་པའི་ཞལ
99a6 ཟས་གསོལ་ནས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་དོ་སྙམ་སྟེ། མཆོག་ཏུ་དཀའ་བར་གྱུར་ཏོ།། བོར་ཆེན་པོ་དེན་དེ་བཞིན་གཤེགས་པ་རྣམས་བཤོས་གསོལ་ཞིང་བཞུགས།
99a7 པའི་བར་འཚམས་སྤྱང་བུའི་རྩེ་མོའི་ཁྱོན་ཙམ་ཀྱིས་ཀྱང་མཆོད་པར་སྣང་ངོ་།། ཁ་ཅིག་ནི་འབ་ཀྱི་རྩེ་མོའི་བྱོད་ཙམ་གིས་ས་ཕྱོགས་དག་ན་བཞུགས་ཤིང་། ཞལ་ཟས་དང་མཆོད་པ་རྣམས་འདྲ་བར་མངའ་བར་སྣང་ངོ་།། དེ
99a8 དེ་ནས་དེའི་ཚེ་ལྷ་དང་མྱེ་དང་ལྷ་མ་ཡིན་དེ་དག་ངུ་ཞིང་ཆོ་ངེ་འདོན་པར་བྱེད་དེ། བདག་ཅག་གིས་སོ་སོ་ནས་ཕུལ་བའི་ཞལ་ཟས་གསོལ་ནས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའོ།། ཕྱིན་ཅད་བདག་གིས་སུ
99a9 ལ་ཞལ་བས་དབུལ་བར་བྱ། བདག་ཅག་དེ་འགོན་དང་བྲལ་ཏེ་འགོན་མྱེད་པར་འགྱུར་རོ་ཞེས་ཟེར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། འཁོར་དེ་དག་ཐམས་ཅད་ལ་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། །