| e-texts navigator |
| Wylie |
98b1 རང་གི་འཁོར་རྣམས་དང་ལྷན་ཅིག་ཏུ་རིངས་པར་འཛམ་བུ་ཆུ་ཀླུང་གི་གསེར་དྲི་མ་མྱེད་པའི་སྣོད་དཀྱིལ་དུ་ནོར་བུའི་འབུར་མཐོང་པོ་འོད་ཅན་གིས་སྨྲས་པ་རྣམས་དང་། ཁ་ཅིག་དངུལ་གི་སྡོད་རིན་པོ་ཆེ་སྣ་ཚོགས་ཀྱིས་སྨས་རྣམས
98b2 ཞལ་བས་སྤུ་རུམས་སྣ་ཚོགས་དང་སྦྱར་བས་བཀང་བ་དང་། མཆོད་པའི་ཡོ་བྱད་མང་པོ་དག་བྱེར་ནས་གྲོང་ཁྱེར་གི་བར་ནས་བྱུང་སྟེ། བཅོམ་ལྡན་འདས་ག་ལ་བ་དེང་ཆས་སོ།། དེ་ནས་ལྷའི་བུ་མཐུ་ཆེན་པོ་དང་ལྡན་པ་ནས
98b3 ཀྱིས་འགར་བའི་བུ་ཆུན་ད་བསྐོར་ནས་འདི་སྐད་ཅེས་སྨྲས་སོ།། བཅུད་ད་རེ་ཤིག་ཞལ་ཟས་མ་དབུལ་བར་དེ་བཞིན་གཤེགས་པ་ཟང་ཅིག་ཞོག་ཅིག་ཅེས་བྱས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ཉིད་ཀྱི་འོད
98b4 ཟེར་དག་བཀྱེ་སྐྱེའོད་ཟེར་དེ་དག་ཀྱིས་ལྷའི་བུ་རྣམས་ལ་ཕོག་ན་ས། ཙུན་ད་བཏང་ངོ་།། དེ་ནས་ལྷ་ལས་བསྩོགས་པ་དེར་འདུས་པ་ཀ། པ་ཡིན་པ་དེ་དག་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ལ་མཆོད
98b5 པ་ཆེན་པོ་བྱས་ཏེ་བཙུན་ད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་བར་དུ་དོང་ནས་འདི་སྐད་ཅེས་གསོལ་ཏོ།། དགེ་སློང་ན། མས་ཀྱི་གདུགས་ཆོད་ལ་བབ་ན། གནང་བར་མཛད་དུ་གསོལ།
98b6 དེ་ནས་དགེ་སློང་རྣམས་ཀྱི་གདུགས་ཆོད་ལ་བབ་པར་ཤེས་ནས་སྐྱོ་ད་ལམ་བཟང་པོར་བྱས་ཏེ་ལྷུང་བཟེད་ལག་དུ་བླངས་ནས་སྡོད་།། དེ་ནས་མགར་བའི་བུ་བཙུན་དས་སེང་གེའི་ཁྲི་སྣ་ཚོགས
98b7 ཚིག་ཏུ་བཟླས་སུ་ཡང་མྱི་ནུས་པ་འཇིག་རྟེན་གི་ཁམས་བདེ་བ་ཅན་གི་རྐྱེན་དུ་རུང་བ་ལྟ་བུ་དག་ཀྱང་བཤམས་ཞལ་ཟས་ཀྱང་སྟ་གོན་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན
98b8 གཤེགས་པ་བསྐལ་པ་འམ་བསྐལ་པ་ལས་སྐྲག་པར་ཡང་ཡུན་རིང་དུ་བཞུགས་སུ་གསོལ་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཙུན་ད་གལ་ཏེ་ང་ཡུན་རིང་དུ་འདུག་པར་འདོད་ན། སྦྱིན་པའི་ཕ་རོལ་ཏུ
98b9 ཕྱི་ནད་པ་ཐ་མའི་དུས་ལ་བབ་ཀྱིས་མྱུར་དུ་ཕུལ་ཅིག། དེ་ནས་ལྷ་དང་མྱི་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཀྱེ་མ་ཙུན་ད་སྐྱིད་དེ་བ་འདིས་ཕུལ་བའི་ཞལ་ཟས་དེ་བཞིན