| e-texts navigator |
| Wylie |
98a1 དེ་དག་ནི་ད་དུང་སྐལ་པ་བྱེ་བ་མང་པོར་ཡང་བདག་གི་མགོ་འཇུག་ཅི་འདྲ་བ་ཡང་མཐོང་བ་འམ་བསྟན་པར་མྱི་ནུས་ཏེ། དེ་བས་ན་དེ་དག་ནི་དེ་བཞིན་གཤེགས་པ་བརྟག་པར་བསྒོམ་པ་དང་བྲལ་བའི་ཕྱིར། ཤའི།
98a2 མྱིག་དང་ལྡན་པ་ཞེས་དཟེར་རོ།། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འཇིག་རྟེན་ཐམས་ཅད་ཀྱི་ཕ་མ་ལྟ་བུ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དྲང
98a3 གཉིས་དང་རྐང་མངས་ཐམས་ཅད་ལ་རང་རང་གྱི་ཡུལ་བཞིན་དུ་ཆོས་སྟོནད་ཅིང་། ཚིག་གཅིག་གིས་སེམས་ཅན་ཐམས་ཅད་ཀྱིས་རང་རང་གི་ཡུལ་བཞིན་དུ་ཤེས་པར་འགྱུར་ཏེ། ཀྱེ་མ་བདག་ཅག་གི་རང་བཞིན་དང་འདུ་ཤེས
98a4 རྣམས་རྟོགས་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ་སྙམ་དུ་འཛིནད་ཏོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་ཁྱིམ་བདག་གམ། ཚོང་དཔོན་ཡང་རུང་སྟེ། རང་གི་བུ་ཟླ་བ་བཅུ་དྲུག་ལོན་པ་དྲ། ལྷན་ཅིག་ཏུ་སྡུག
98a5 པ་བཞིན་དུ་སྨྲ་བར་བྱེད་དེ། དེའི་དབང་གིསེ་པུ་དེ་མྱིའི་སྐད་སློབ། པར་བྱེད་ན། ཅི་དེའི་ཕ་སྐུག་པ་ཞེས་བྱ་འམ།། གསོལ་པ།། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བུ་དེའི་དབང་གིས
98a6 བགྱིད་པར་བལྟ་ལགས་སོ།། བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སྡུག་པ་བཞིན་དུ་གསུངས་ཏེ། སེམས་ཅན་ཐམས་ཅད་དམ་པའི་ཆོས་ལ་དགོད་པའི་ཕྱིར། དེ
98a7 ལྟ་བུའི་སྐུ་སྟོནད་པར་མཛད་ན། ཅི་དེ་བཞིན་གཤེགས་པ་ལྐུག་པ་ཞེས་བྱ་འམ།། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་བཞིན་གཤེགས་པ་ནི་སེང་གེའི་སྒྲ་སྒྲོགས་པ་ལགས་ན། ལྐུག་པ
98a8 སྔར་གསུང་བ་དེ་ནི་འཇིག་རྟེན་དང་མཐུན་པར་མཛད་པར་བལྟ་བར་བགྱི་ལགས་སོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་ཞལ་ནས་འོད་ཟེར་སྣ་ཚོགས་བཀྱེ་སྟེ། འོད་ཟེར་དེ་དག་གྱིས་མགར་བའི་བུ་ཅན་ད་ལ།
98a9 ཕོག་ནས་ཀྱེ་མ་དེ་བཞིན་གཤེགས་པ་ལ་ཕྱིན་ཅད་དབུལ་དུ་མྱེད་པའི་སྦྱིན་པ་ནི་དཀོན་པ་ཡིན་ནོ་སྙམ་ནས་ཤིན་ཏུ་རངེས་པར་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཚིམ་པར་འགྱུར་བའི་ཞལ་ཟས་ཁྱེར་ཏེ།