| e-texts navigator |
| Wylie |
97b1 ནི། སངས་རྒྱས་སུ་ཡུང་སྟོནད་པར་བྱེད་དོ།། དམ་པའི་ཆོས་འབྱུང་བའི་སྦྱོར་བ་ཅན་དེ་དག་ནི། ཇི་ལྟར་འདོད་པ་བཞིན་དུ། ཡུན་རིང་མོ་ཞིག་ནས་སངས་རྒྱས་ཀྱི་གནས་སུ་སུང་སྟོནད་པར་བྱེད་དོ།།
97b2 གསོལ་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གཡོག་འཁོར་གྱི་བྱེད་པ་དང་ལྡན་པར་འགྱུར་ལགས། བཀའ་བཆལ་པ། བྱང་ཆུབ་སེམས་དཔའ་མྱི་མཆོག་རྣམས་ནི། དམ
97b3 པའི་ཆོས་འབྱུང་བར་བྱའོ་སྙམ་དུ་དེའི་སྦྱོར་བ་བརྟན་པོར་བྱས། གཡོག་འཁོར་མྱི་བྱེད་པ་དང་ལྡན་པར་འགྱུར་རོ།། གསོལྡ་པ། སེམས་ཅན་མ་རུང་བ་འཇིགས་སུ་རུང་། ལྕེ་དང་རྐན་དང་ལྐོག་མ་ཚིག་པ་རྣམས
97b4 མི་ལས་འགྱུར་ལགས། བཀའ་སཿལད་པ། གཞི་གསུམ་མྱི་ཤེས་པ་ཀང་ཡིན་པ་དེ་དག་ནི། སེམས་ཅན་མ་རུངས་པ། འཇིགས་སུ་རུང་བ། ལྕེ་དང་རྐན་དང་། ལྐོག་མ་ཚིག་པར་འགྱུར་རོ།། དཔེར་ན་མྱི་དང
97b5 དུད་འགྲོ་ཟེ་ཚིག་པ་རྣམས་ཀྱིས་རོ་དྲུག་སྟེ། མངར་བ་དང་། སྐྱུར་བ་དང་། ལན་ཚའི་རོ་དང་། ཚ་བ་དང་། ཁ་བ་དང་། བསྐ། བ་རྣམས་ཟ་ན། རོའི་བྱེ་བྲག་མྱི་ཕྱེད་པ་དེ་བཞིན་དུ། སེམས
97b6 ཅན་མྱི་ཤེས་པ་ལ་ལྕེ་དང་རྐན་དང་རྐོ་ག་མ་ཚག་པ་མ་རུངས་པ་འཇོགས་སུ་རུང་བ་དང་། གཞི་གསུམ་བརྟག་པཱ་མྱི་ཤེས་པ་ཀ་ཡིན་པ་དེ་དག་ནི། ལྕེ་དང་རྐན་དང་ལྐོག་མ་ཚིག་པ་ཞེས་བྱ་སྟེ།
97b7 རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་རྟག་པར་མྱི་ཤེས་པ་གང་ཡིན་པ་དེ་དག་ནི།། དམུས་ལོང་གི་མཆོག་ཡིན་ནོ་ང་ཟེར་རོ།། དེ་བཞིན་གཤེགས་པ་རྟག་པར་ཤེས་པ་གང་ཡིན་པ་དེ་དག་ནི། ཤའི
97b8 མྱིག་དང་ལྡན་པ་ཡིན་དུ་ཟི་ནད་ཀྱང་། ལྷའི་མྱིག་དང་ལྡན་པ་ཡིན་ནོ་ཞེས་ཟེར་རོ།། རིགས་ཀྱི་བུ་གཞན་ཡང་མདོ་སྡེ་འདི་ཟོས་ནས། དེ་བཞིན་གཤེགས་པ་རྟག་པར་ཤེས་ཤིང་ཁོང་དུ་ཆུད་པ་གང་ཡིན་པ་དེ་དག
97b9 ནི་ལྷའི་བྱིག་དང་ལྡན་པ་ཡིན་ནོ་ཞེས་ཟེར་རོ།། ལྷའི་མྱིག་དང་ལྡན་པ་ཡིན་དུ་ཟནད་ཀྱང་། དེ་བཞིན་གཤེགས་པ་རྟག་པར་མྱི་ཤེས་པ་གང་ཡིན་པ་དེ་དག་ནི། ཤའི་མྱིག་དང་ལྡན་པ་ཡིན་ནོ་ཞེས་ངཟེར་རོ།།