| e-texts navigator |
| Wylie |
97a1 བསྟན་ལགས་ན། ཅིའི་སླད་དུ་ཤ་རིའི་བུ་དང་། མོའུ་འགས་ཀྱི་བུ་གཉིས་ཆེས་མུ་ཏུ་སངས་རྒྱས་སུ་འགྱུར་བར། སངས་རྒྱས་སུ་ལུང་བསྟནད་པས་ལུང་མ་བསྟན་ལགས།། བཀའ
97a2 སཿཡད་པ། ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་དམ་པའི་ཆོས་འབྱུང་བའི་ཕྱིར་ཡུན་རིང་པོར་སྨོན་ལམ་འདེབས་པ་ཡང་ཡོད། ཁ་ཅིག་ནི་མྱུར་བར་སྨོན་ལམ་འདེབས་པ
97a3 ཡང་ཡོད་ཏེ། ད་ནི་དེའི་སྨོན་ལམ་གྱི་དབང་ཀྱིས་ན་ཆེས་མྱུར་བར་སངས་རྒྱས་ཀྱི་གནས་མཆོག་ཏུ་ལུང་སྟོནད་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་མཉན་པ་ཆེན་པོ་ལ་ལ་ཞིག་གདོལ་པའི་གྲོང་ཁྱེར
97a4 དུ་སོང་སྟེ། རིན་པོ་ཆེ་རིན་ཐང་མྱེད་པ་བཙོངས་པ་ལས། གདོལྡ་པ་བྱེ་བྲག་མྱི་ཕྱེད་པ་དེ་དག་གིས། རིན་པོ་ཆེ་དེ་མཐོང་ན་། ཕྱས་འདོགས་ཤིང་ཐིང་སླད་བྱེད་དེ།། མཉན་པས་རིན
97a5 ཆེ་བ་ཡིན་ནོ་ཞེས་བྱས་ཀྱང་། དེ་དག་གིས་རྔ་མྱི་ཕྲད་ནས། འདི་ནི་ཤེལ་ཡིན་ནོ་ཞེས་དེ་སྐད་ཀྱང་ཟེར་རོ།། རིགས་ཀྱི་བུ་དེ་བཞིན་དུ་ངས་ཀྱང་ཉན་ཐོས་རྣམས་གལ་ཏེ་སངས་རྒྱས་ཀྱི་གན
97a6 སུ་མྱུར་དུ་སངས་རྒྱས་སུ་བསྟནད་པས། ལུང་བསྟནད་ཏུ་ཟི་ནན་ནོར་བུ་དཀོན་པ་འཚོང་བའི་མཉན་པ་བཞིན་དུ་འགྱུར་རོ།། གདོསད་པ་རྣམས་ལྟ་བུ་ན་མ་འོངས་པའི་དུས་ན། དགེ་སློང
97a7 བླུན་པོ་གཡེལ་བ། དགེལ་བའི་ཆེ་བ་ཡབ་སྤངས་པ། འཚོ་བས་འཕོངས་པ་བཀྲེས་ཤིང་སྐོམ་པས་གཟི་རེད་པ། མུ་ཀེས་མན་རད་པ། རང་གི་ལུས་ཙམ་གསོ་བར་བྱེད་པ། འཚོ་བ་དོན་ཏུ་གཉེར
97a8 བ་མྱ་བརྟན་པ་རྣམས་འབྱུང་བར་འགྱུར་བ་དེ་དག་ཡིན་ཏེ། དེ་དག་གིས་ངའི་ཉན་ཐོས་ལུང་བསྟནད་པ་ཐོས་ནས་འཕྱས་འདོགས་ཤིང་། གཤེ་ཡར་འགྱུར་ལ། བདའ་མྱི་ཕྲད་པས།། ཚུལ་ཁྲིམས་འཆས
97a9 པ་ཡིན་ནོ་ཞེས་ཟླ་བར་བྱེད་དོ།། རའི་ཉན་ཐོས་དེ་དགེའ་སྦྱོང་མ་ཡིན་ཏེ། གསོལྡ་པ་རྣམས་དང་། མཉན་པ་ཇི་ལྟ་བ་བཞིན་ནོ།། རིགས་ཀྱི་བུ་དེ་བས་ན་ངའི་སེམས་མྱུར་བའི་སྨོན་ལམ་ཅན་རྣམས